Dhāraṇī of Parṇaśavarī—Tibetan
༄༅། །ལྷ་མོ་ལོ་མ་གྱོན་མའི་གཟུངས་བཞུགས། །
རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཡི། །
ཆོ་འཕྲུལ་རྣམ་པར་སྤྲུལ་པ་ལས་བྱུང་བའི། །
ལྷ་མོ་གང་གིས་སྒྲུབ་པོའི་ནད་གདོན་བགེགས། །
ཀུན་ཏུ་ཞི་མཛད་མ་ལ་ཕྱག་འཚལ་ལོ། །
ཨོཾ་པི་ཤཱ་ཙི་པརྞ་ཤ་བ་རི་སརྦ་ཛྭ་ར་པྲ་ཤ་མ་ན་ཡེ་སྭ་ཧཱ།
དགེ་བ་འདི་ཡིས་མྱུར་དུ་བདག །
ལོ་མ་གྱོན་མ་འགྲུབ་གྱུར་ནས། །
འགྲོ་བ་གཅིག་ཀྱང་མ་ལུས་པ། །
དེ་ཡི་ས་ལ་འགོད་པར་ཤོག །
ས་སྐྱ་པའི་ཞལ་འདོན་ཕྱོགས་བསྒྲིགས་ལས་ཁོལ་དུ་ཕྱུང་བའོ།། །།