Soktsé Rinpoche Long-Life Prayer—Tibetan
༄༅། །སོག་རྩེ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་ནི།
ཨོཾ་སྭསྟི། ཀུན༵་བཟ༵ང་ཐུགས་ཀྱི་བསྟན༵་པའི་མཛོད་འཛི༵ན་ཅིང་། །
སྙིགས་དུས་བཤད་སྒྲུབ་རྒྱལ༵་མཚ༵ན་ལྷུར་མཛད་པ། །
དཔལ་ལྡན་བླ་མ་བསྐལ་བརྒྱར་ཞབས་བརྟན་ནས། །
དོན་གཉིས་ལྷུན་གྲུབ་བཀྲ་ཤིས་དཔལ་བར་ཤོག །
བྱ་བྲལ་སངས་རྒྱས་རྡོ་རྗེས་གསུངས་སོ། །