The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Lineage Prayer for Accomplishing the Guru—Tibetan

English | བོད་ཡིག

༁ྃ༔ བླ་མ་སྒྲུབ་པའི་བརྒྱུད་འདེབས༔

 

ཨེ་མ་ཧོ༔

བདེ་ཆེན་ཆོས་སྐུའི་ཞིང་ཁམས་ནས༔

འགག་མེད་ལོངས་སྐུའི་སྒྱུ་འཕྲུལ་ངོམས༔

ཐུགས་རྗེའི་རོལ་རྩལ་སྤྲུལ་པའི་སྐུ༔

སློབ་དཔོན་པདྨ་སཾ་བྷ་ཝ༔

གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ༔

དེ་ཡི་ཕྲིན་ལས་འཛམ་གླིང་གི༔

འདྲེན་པ་མཚུངས་མེད་བླ་མ་ལ༔

 

སྒོ་གསུམ་གུས་པས་གསོལ་བ་འདེབས༔

ཕྱི་ནང་གསང་བའི་བར་ཆད་ཞི༔

ཉམས་དང་རྟོགས་པའི་ཡོན་ཏན་འཕེལ༔

ས་ལམ་ཡོན་ཏན་ཚུལ་བཞིན་ཐོབ༔

རིང་པོར་མི་ཐོག་ད་ལྟ་ཉིད༔

དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག༔

 

དེ་ལྟར་གསོལ་བ་བཏབ་པའི་མཐུས༔  བྱིན་རླབས་འཇུག་པར་ཐེ་ཚོམ་མེད༔

ས་མ་ཡཱ༔  རྒྱ་རྒྱ་རྒྱ༔  གཏེར་རྒྱ༔  སྦས་རྒྱ༔  གཏེར་རྒྱ༔

 

ཨོ་རྒྱན་ཕྲིན་ལས་གླིང་པས་སོ།།

 

ཨ་པཾ་གཏེར་སྟོན།

ཨ་པཾ་གཏེར་སྟོན།

Further information:

BDRC Author Profiles: P6489 P2778

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept