The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Alak Zenkar Rinpoche Long-Life Prayer—Tibetan

English | བོད་ཡིག

༄༅། །ཞབས་བརྟན་གསོལ་འདེབས།

 

ཕྱི་ལྟར་སྤྲུལ་པའི་སྐུ་ཡི་མཚན་འཛིན་མཁན། །

ནང་ལྟར་རེ་དོགས་ཁོ་ནས་རང་འཕུང་མཁན། །

གསང་བར་ཆོས་ནོར་འདོད་ཐར་ཡོངས་དབེན་མཁན། །

འཁྱམ་པོ་ལྡོམ་བུའི་ལུས་བདེ་སེམས་སྐྱིད་ཤོག །

 

ཅེས་རང་ཚུལ་གསོང་པོར་བརྗོད་པའི་སྒོ་ནས་རང་གིས་རང་ལ་ཞབས་བརྟན་གསོལ་འདེབས་ཤིག་བྲིས་ཤིག་ཅེས་༧སྐྱབས་རྗེ་མཆོག་དཔེ་ཝར་རིན་པོ་ཆེའི་སློབ་རྒན་སྐུ་ཚེ་གཅིག་གི་ཞབས་ཞུ་པ་དང་ཕྱག་མཛོད་གཅིག་ཚེ་དབང་རིག་འཛིན་ལགས་ནས་བསྐུལ་མ་བྱུང་བའི་ངོར་ཐུབ་བསྟན་ཉི་མས་བོད་རབ་རྒྱན་ཆུ་སྟག་ལོའི་ནག་ཟླའི་དམར་ཕྱོགས་རྫོགས་པ་དང་པོ་ལ་བྲིས་པ་དགེ་ལེགས་འཕེལ།

 

ཨ་ལགས་གཟན་དཀར་རིན་པོ་ཆེ།

ཨ་ལགས་གཟན་དཀར་རིན་པོ་ཆེ།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept