Praise of the Three Jewels—Tibetan
༄༅། །དཀོན་མཆོག་གསུམ་གྱི་བསྟོད་པ་བཞུགས།
རྒྱ་གར་སྐད་དུ། ཏྲི་རཏྣ་སྟོ་ཏྲཾ།
བོད་སྐད་དུ། དཀོན་མཆོག་གསུམ་གྱི་བསྟོད་པ།
དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །
དམིགས་མེད་ཆོས་ཀྱི་སྐུ། །
ལོངས་སྤྱོད་རྫོགས་པའི་སྐུ། །
ཅིར་ཡང་སྤྲུལ་སྐུ་ལ། །
གུས་པས་ཕྱག་འཚལ་ལོ། །
རྣམ་དག་ཆོས་ཀྱི་དབྱིངས། །
སྒྲུབ་པའི་འཕགས་ལམ་བརྒྱད། །
བསྟན་པའི་གསུང་རབ་ལ། །
གུས་པས་ཕྱག་འཚལ་ལོ། །
བྱང་ཆུབ་སེམས་རྣམས་དང༌། །
དགྲ་བཅོམ་དག་ལ་སོགས། །
རང་སངས་རྒྱས་རྣམས་ལ། །
གུས་པས་ཕྱག་འཚལ་ལོ། །
དཀོན་མཆོག་གསུམ་གྱི་བསྟོད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།