The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Synthesis Prayer—Tibetan

English | བོད་ཡིག

༄༅། །མཁས་གྲུབ་བླ་མ་དུ་མའི་གསུང་བྱིན་རླབས་ཅན་ཕྱོགས་གཅིག་ཏུ་བསྡུས་པ།

 

སྐྱབས་གནས་ཀུན་འདུས་དྲིན་ཆེན་བླ་མ་ལ།

།གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

འཁོར་བར་ཞེན་པ་ལོག་པར་བྱིན་གྱིས་རློབས། །

ངེས་འབྱུང་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །

ཚེ་འདི་བློ་ཡིས་ཐོང་བར་བྱིན་གྱིས་རློབས། །

ཉམས་དགའ་རི་ཁྲོད་འགྲིམ་པར་བྱིན་གྱིས་རློབས། །

གྲོགས་མེད་བློ་བདེ་དྲན་པར་བྱིན་གྱིས་རློབས། །

དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །

དལ་འབྱོར་སྙིང་པོ་ལོན་པར་བྱིན་གྱིས་རློབས། །

འཆི་བ་སྙིང་ནས་དྲན་པར་བྱིན་གྱིས་རློབས། །

མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །

ནམ་འཆི་ཆ་མེད་དྲན་པར་བྱིན་གྱིས་རློབས། །

འགྲོ་དྲུག་ཕ་མར་ཤེས་པར་བྱིན་་གྱིས་རློབས། །

ཚད་མེད་སྙིང་རྗེ་སྐྱེ་བར་བྱིན་གྱིས་རློབས། །

དགེ་སྡིག་བླང་དོར་ཤེས་པར་བྱིན་གྱིས་རློབས། །

རྒྱུ་འབྲས་བསླུ་མེད་མཐོང་བར་བྱིན་་གྱིས་རློབས། །

ཆོས་ལ་སྙིང་རུས་ནུས་པར་བྱིན་གྱིས་རློབས། །

རང་སེམས་ཆོས་དང་འདྲེས་པར་བྱིན་གྱིས་རློབས། །

རྐྱེན་ངན་གྲོགས་སུ་འཆར་བར་བྱིན་གྱིས་རློབས། །

གཟུང་འཛིན་འཁྲུལ་བ་ཞིག་པར་བྱིན་གྱིས་རློབས། །

འཁྲུལ་སྣང་བདེན་མེད་འཆར་བར་བྱིན་གྱིས་རློབས། །

རྟག་ཏུ་བླ་མ་དྲན་པར་བྱིན་གྱིས་རློབས། །

མོས་གུས་གཏིང་ནས་སྐྱེ་བར་བྱིན་གྱིས་རློབས། །

སྣང་སྲིད་བླ་མར་འཆར་བར་བྱིན་གྱིས་རློབས། །

ཐུགས་ཡིད་དབྱེར་མེད་འདྲེས་པར་བྱིན་གྱིས་རློབས། །

ལྟ་བ་མཐའ་བྲལ་རྟོགས་པར་བྱིན་གྱིས་རློབས། །

སྒོམ་པ་འཁོར་ཡུག་འདྲེས་པར་བྱིན་གྱིས་རློབས། །

སྤྱོད་པ་བླང་དོར་བྲལ་བར་བྱིན་གྱིས་རློབས། །

འབྲས་བུ་སྐུ་གསུམ་ཐོབ་པར་བྱིན་གྱིས་རློབས། །

 

ཞེས་བླ་མ་རིག་འཛིན་ནས་གསོལ་འདེབས་ཞིག་དགོས་ཞེས་བསྐུལ་བའི་ཚེ་ཕྲན་ཆོས་དབྱིངས་རང་གྲོལ་ནས་བྲིས་པའོ།།

 

གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ།

གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept