Final Testament of Yukhok Chatralwa—Tibetan
༄༅། །བླ་མ་དམ་པ་རིག་འཛིན་ཉི་མ་མཆོག་ལ་གཡུ་ཁོག་བྱ་བྲལ་བས་འདས་རྗེས་སུ་བབ་པ།
རིག་པ་འགྱུར་མེད་ཆེན་པོ་ལ་ན་མོ༔
ལྟ་བ་རིག་པའི་རྒྱལ་པོ་ལ༔
སྒོམ་པ་ཕྱོགས་ལྷུང་བྲལ་བར་ཞོག༔
སྤྱོད་པ་གཉིས་འཛིན་འཁྲུལ་བ་ཞིག༔
འབྲས་བུ་སྐུ་གསུམ་ཡེ་རྫོགས་ལ༔
དམ་ཚིག་སྤང་བླང་ཡུལ་ལས་འདས༔
རིག་པ་གཅེར་མཐོང་གི་རྒྱལ་པོ༔
ལྟ་སྒོམ་སྤྱོད་འབྲས་ཀྱི་དམ་ཚིག་གི་རྒྱས་བཅས་པ༔
གཡུ་ཁོག་བླ་མ་ཆོས་དབྱིངས་རང་གྲོལ་གྱིས་འདས་རྗེས་སུ་གསུངས་པ་སཱུརྱའི་མིང་གིས་སོ༔