Afterword—Tibetan
༄༅། །མཇུག་བསྡུ་བ།
འདིར་སྨྲས་པ།
འདི་ལྟར་དགེ་སྡིག་བླང་དོར་མངོན་སུམ་དུ། །
མྱོང་བའི་གཟིགས་སྣང་སེམས་ཉིད་སྒྱུ་མའི་འཕྲུལ། །
ཉམ་ཐག་ངན་སོང་འགྲོ་བའི་སྡུག་བསྔལ་གྱི། །
བཟོད་མེད་འཕྲིན་འདི་འཛམ་གླིང་འགྲོ་ལ་བསྐུལ། །
དགེ་བཅུའི་ཁྲིམས་ཀྱིས་འཚོ་བའི་གངས་ཅན་བོད། །
བསམ་ཡོད་སྐྱེ་བོའི་ཡིད་ཀྱི་དཀྱིལ་དུ་ཟུངས། །
བསླུ་མེད་ལས་འབྲས་གནས་ལ་བག་ཡོད་ཀྱིས། །
རང་ཉིད་ཤི་དུས་འགྱོད་པ་མེད་པར་མཛོད། །
སྔོན་ནས་ད་བར་འཁོར་བ་འདིར་འཁྱམས་ཀྱང། །
དོན་ཆེན་གཏན་གྱི་འདུན་མ་གཅིག་མ་འགྲུབ། །
ད་ནི་ལན་གཅིག་མི་ཡི་ལུས་ཐོབ་དུས། །
དགེ་སྒྲུབ་སྡིག་སྤོང་ལས་ལ་བག་ཟོན་མཛོད། །
དགེའོ། དགེའོ། དགེའོ།། །།