Yang Nying Pudri Fire Offering—Tibetan
ཕུར་པ་ཡང་སྙིང་སྤུ་གྲི་ལས༔ མེ་མཆོད་ལས་བཞིའི་ཕྲིན་ལས་ཀུན་འགྲུབ་བཞུགས་སོ༔
ཕུར་པའི་ལྷ་ལ་ཕྱག་འཚལ་ལོ༔
མི་མཐུན་སྦྱོང་བ་དང་ཡོན་ཏན་སྤེལ་བའི་སླད་དུ་སྦྱིན་སྲེག་བྱ་བ་ནི༔ ཐབ་ཀྱི་གཞི་གྲུ་བཞི་སྔོན་པོ༔ དེའི་དཀྱིལ་དུ་གྲུ་གསུམ་ནག་པོ་འཁོར་ལོ་རྩིབས་བཞི་དང་རལ་གྲིས་མཚན་པ༔ དེ་རྒྱབ་རིམ་པ་བཞིན་དུ་ཟླ་གམ་དམར་པོ་ལྕགས་ཀྱུས་མཚན་པ༔ གྲུ་བཞི་སེར་པོ་རཏྣས་མཚན་པ༔ ཟླུམ་བསྐོར་དཀར་པོ་རྡོ་རྗེས་མཚན་པ་བྱ༔ ཚེར་མ་གྲུ་གསུམ་ཤུག་པ་ཟླ་གམ་འོམ་བུ་གྲུ་བཞི་པ་ལ་ཟླུམ་པོར་བརྩིགས༔ རྫས་ནི༔ ཏིལ་ནག་སོ་བ་འབྲ་དུར་བ་ཤིང་ཐོག་ཟས་མཆོག་ཀུ་ཤ་ནས་གྲོ་སྲན་མ་ཡུངས་དཀར་དེ་རྣམས་སོ་སོར་བཤམས༔
མེ་ལྷ་མཆོདཔ་ནི༔ ཐབ་ཏུ་མེ་སྦར་ལ༔
བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས༔
མེ་ལྷ་སྤྱན་དྲངས་ནས་ཐབ་ནང་དུ་བཞུགས་པར་བསམ༔
ཧཱུྃ༔ འཇིག་རྟེན་དགེ་བའི་དཔལ་དང་ལྡན༔
དྲང་སྲོང་ཆེན་པོ་འབར་བའི་ལྷ༔
དགེ་བའི་ལས་མཛད་གཟི་བརྗིད་ཅན༔
འདིར་བྱོན་རྟེན་ལ་བཞུགས་སུ་གསོལ༔
བཛྲ་ཨངྐུ་ཤ་ཛ༔ ཛ་ཧཱུྃ་བཾ་ཧོ༔་
མེ་ལྷ་སྔོན་པོ་ཚངས་སྐུད་ཀྱི་རྒྱན་ཅན་སྤྱི་བླུགས་དང་བགྲང་ཕྲེང་ཐོགས་ནས་ར་སྐྱེས་ཁམ་སེར་ལ་ཞོན་པ་ཞིག་དངོས་སུ་བྱོན་ཏེ་མེ་དང་རོ་གཅིག་ཏུ་བཞུགས་པར་བསམ༔
ཨོཾ༔ དག་ཅིང་གཙང་རབ་བཀོད་ལེགས་པའི༔
ཆུ་གཙང་མེ་ཏོག་སྤོས་མེ་དྲི༔
ཞལ་ཟས་སིལ་སྙན་དམ་པའདི༔
ལས་བཞིའི་ཕྲིན་ལས་སྒྲུབ་ཕྱིར་འབུལ༔
ཨཱགྣི་དེ་བ་རི་ཥི་བཛྲ་ཨརྒྷཾ་པཱུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་བི་དྱཱ་ཤ་བྟ་ཨཱ༔ཧཱུྃ༔
ཨེ་མ་ཧོ༔ ངོ་མཚར་ལས་ཀྱི་བདག༔
འཇིག་རྟེན་ཚུལ་འཆང་སེམས་དཔའ་ཆེ༔
རབ་ཏུ་དགེ་བའི་དཔལ་དང་ལྡན༔
ཁྱོད་ལ་བསྟོད་དེ་ཕྱག་ཀྱང་འཚལ༔
དགང་བླུགས་འབུལ་ལ༔
ཨོཾ་ཨཱགྣི་དཱེ་བ་རི་ཥི་ཤཱནྟིཾ་པཱུ་ཥྚིཾ་བ་ཤཾ་མཱ་ར་ཡ་ཀུ་རུ་ཀུ་རུ་སྭཱ་ཧཱ༔
ཞེས་འབུལ༔
ཧོ༔ སྦྱིན་སྲེག་གི་མཆོད་པ་འདི་ལ་བརྟེན་ནས་བདག་གིས་ཞི་རྒྱས་དབང་དྲག་གི་ལས་ཐམས་ཅད་མྱུར་དུ་འགྲུབ་པར་གྱུར་ཅིག༔
མེ་ལྷ་ལ་དམིགས་ཏེ་ཡ་མ་ཤིང་འབུལ་ལ༔
ཨོཾ་ཨཱགྣི་དཱེ་བ་རི་ཥི། ཨོཾ་བོདྷི་བྷྲི་ཀྵ་ཡེ་སྭཱཧཱ༔
གཟི་བརྗིད་ཉམས་པ་ཞི་བར་གྱུར་ཅིག༔
གཟི་བརྗིད་འཕེལ་ཞིང་རྒྱས་པར་གྱུར་ཅིག༔
གཟི་བརྗིད་ཐམས་ཅད་དབང་དུ་གྱུར་ཅིག༔
གཟི་བརྗིད་ལ་གནོད་པ་རྣམས་ཚར་ཆོད་ཅིག༔
མར་ཁུ་འབུལ་ལ་སྔགས་ཤམ་དུ༔
ཨོཾ་ཨཱ་མྲྀ་ཏ་ཁཱ་ཧི༔
དཔལ་འབྱོར་ཉམས་པ་ཞི་བར་གྱུར་ཅིག༔
དཔལ་འབྱོར་འཕེལ་ཞིང་རྒྱས་པར་གྱུར་ཅིག༔
དཔལ་འབྱོར་ཐམས་ཅད་དབང་དུ་གྱུར་ཅིག༔
དཔལ་འབྱོར་ལ་གནོད་པ་རྣམས་ཚར་ཆོད་ཅིག༔
ཏིལ་ནག་འབུལ་ལ་སྔགས་ཤམ་དུ༔
ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ༔
ལས་ངན་སྡིག་སྒྲིབ་ཞི་བར་གྱུར་ཅིག༔
དགེ་བའི་ཕྱོགས་རྣམས་རྒྱས་པར་གྱུར་ཅིག༔
སྡིག་སྒྲིབ་ཀྱི་གཉེན་པོ་དབང་དུ་གྱུར་ཅིག༔
ཉོན་མོངས་བག་ཆགས་ངན་པ་རྣམས་ཚར་ཆོད་ཅིགཿ
སོ་བ་འབུལ་ལ་སྔགས་ཤམ་དུ༔
ཨོཾ་མ་ཧཱ་བི་ཛ་ཡ་སྭཱ་ཧཱ༔
འབྲུ་ནོར་ཉམས་པ་ཞི་བར་གྱུར་ཅིག༔
འབྲུ་ནོར་འཕེལ་ཞིང་རྒྱས་པར་གྱུར་ཅིག༔
འབྲུ་ནོར་ཐམས་ཅད་དབང་དུ་གྱུར་ཅིག༔
འབྲུ་ནོར་ལ་གནོད་པ་རྣམས་ཚར་ཆོད་ཅིག༔
འབྲས་འབུལ་ལ་སྔགས་ཤམ་དུ༔
ཨོཾ་བཛྲ་བུཥྚ་ཡ་སྭཱ་ཧཱ༔
ལོངས་སྤྱོད་ཉམས་པ་ཞི་བར་གྱུར་ཅིག༔
ལོངས་སྦྱོད་འཕེལ་ཞིང་རྒྱས་པར་གྱུར་ཅིག༔
ལོངས་སྤྱོད་ཐམས་ཅད་དབང་དུ་གྱུར་ཅིག༔
ལོངས་སྤྱོད་ལ་གནོད་པ་རྣམས་ཚར་ཆོད་ཅིག༔
དུར་བ་འབུལ་ལ་སྔགས་ཤམ་དུ༔
ༀ་བཛྲ་ཨ་ཡུ་ཥེ་སྭཱཧཱ༔
ཚེ་ཉམས་པ་ཞི་བར་གྱུར་ཅིག༔
ཚེ་འཕེལ་ཞིང་རྒྱས་པར་གྱུར་ཅིག༔
ཚེ་ཡི་དངོས་གྲུབ་དབང་དུ་གྱུར་ཅིག༔
ཚེ་ལ་གནོད་པ་རྣམས་ཚར་ཆོད་ཅིག༔
ཤིང་ཐོག་འབུལ་ལ་སྔགསཤམ་དུ༔
ༀ་ག་ག་ནི་ག་ག་ནི་བི་ལོ་ཀི་ཏེ་སྭཱ་ཧཱ༔
རིགས་རྒྱུད་ཉམས་པ་ཞི་བར་གྱུར་ཅིག༔
རིགས་རྒྱུད་འཕེལ་ཞིང་རྒྱས་པར་གྱུར་ཅིག༔
རིགས་རྒྱུད་བཟང་པོ་དབང་དུ་གྱུར་ཅིག༔
རིགས་རྒྱུད་ལ་གནོད་པ་རྣམས་ཚར་ཆོད་ཅིག༔
ཟས་མཆོག་འབུལ་ལ་སྔགས་ཤམ་དུ༔
ཨོཾ་སརྦ་སཾ་བྷ་དྷེ་སྭཱཧཱ༔
ཤེས་རབ་ཉམས་པ་ཞི་བར་གྱུར་ཅིག༔
ཤེས་རབ་འཕེལ་ཞིང་རྒྱས་པར་གྱུར་ཅིག༔
ཤེས་རབ་ཐམས་ཅད་དབང་དུ་གྱུར་ཅིག༔
ཤེས་རབ་ལ་གནོད་པ་རྣམས་ཚར་ཆོད་ཅིག༔
ཀུ་ཤ་འབུལ་ལ་སྔགས་ཤམ་དུ༔
ཨོཾ་ཨ་པྲཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ༔
སྲུང་སྐྱོབ་ཉམས་པ་ཞི་བར་གྱུར་ཅིག༔
སྲུང་སྐྱོབ་འཕེལ་ཞིང་རྒྱས་པར་གྱུར་ཅིག༔
སྲུང་སྐྱོབ་ཐམས་ཅད་དབང་དུ་གྱུར་ཅིག༔
སྲུང་སྐྱོབ་ལ་གནོད་པ་རྣམས་ཚར་ཆོད་ཅིག༔
ནས་འབུལ་ལ་སྔགས་ཤམ་དུ༔
ༀ་མ་ཧཱ་བེ་ག་ཡ་སྭཱཧཱ༔
མྱུར་བའི་ཤུགས་ཉམས་པ་ཞི་བར་གྱུར་ཅིག༔
མྱུར་བའི་ཤུགས་འཕེལ་ཞིང་རྒྱས་པར་གྱུར་ཅིག༔
མྱུར་བའི་ཤུགས་ཐམས་ཅད་དབང་དུ་གྱུར་ཅིག༔
མྱུར་བའི་ཤུགས་ལ་གནོད་པ་རྣམས་ཚར་ཆོད་ཅིག༔
གྲོ་འབུལ་ལ་སྔགས་ཤམ་དུ༔
ཨོཾ་བཛྲ་གྷསྨ་རེ་སཱ་ཧཱ༔
ནད་ཐམས་ཅད་ཞི་བར་གྱུར་ཅིག༔
ནད་མེད་པའི་བདེ་བ་རྒྱས་པར་གྱུར་ཅིག༔
ནད་ཀྱི་གཉེན་པོ་ཐམས་ཅད་དབང་དུ་གྱུར་ཅིག༔
ནད་ངན་པ་རྣམས་ཚར་ཆོད་ཅིག༔
སྲན་མ་འབུལ་ལ་སྔགས་ཤམ་དུ༔
ཨོཾ་མ་ཧཱ་བ་ལ་ཡ་སྭཱ་ཧཱ༔
སྟོབས་ཉམས་པ་ཞི་བར་གྱུར་ཅིག༔
སྟོབས་འཕེལ་ཞིང་རྒྱས་པར་གྱུར་ཅིག༔
སྟོབས་ཐམས་ཅད་དབང་དུ་གྱུར་ཅིག༔
སྟོབས་ལ་གནོད་པ་རྣམས་ཚར་ཆོད་ཅིག༔
ཡུང་དཀར་འབུལ་ལ་སྔགས་ཤམ་དུ༔
ཨོཾ་སརྦ་ཨརྠ་ས་དྷ་ཡ་སྭཱ་ཧཱ༔
བགེགས་ཐམས་ཅད་ཞི་བར་གྱུར་ཅིག༔
བགེགས་མེད་པའི་བདེ་བ་རྒྱས་པར་གྱུར་ཅིག༔
བགེགས་དང་བགེགས་ཀྱི་གཉེན་པོ་ཐམས་ཅད་དབང་དུ་གྱུར་ཅིག༔
བགེགས་དང་བར་དུ་གཅོད་པ་རྣམས་ཚར་ཆོད་ཅག༔
ཅེས་འདོད་གསོལ་དང་བཅས་མང་དུ་འབུལ༔
མེ་ལྷའི་འོད་ཀྱིས་བདག་གི་ལས་ཐམས་ཅད་འགྲུབ་པར་བསམ༔
སླར་ཡང་མཆོད་སྟོད་བྱ༔
མེ་ལྷ་མེ་ཡི་རྣམ་པར་བསམ༔
དེར་ཕུར་པའི་ལྷ་ཚོགས་བསྒོམས་ལ་སྤྱན་འདྲེན་མཆོད་བསྟོད་བྱ༔
དགང་བླུགས་འབུལ་ཞིང་༔
ཧཱུྃ༔ ཡེ་ཤེས་ཀློང་ཡངས་ཆེན་པོའི་ཞལ༔
འབར་བ་མེ་རུ་འཁྱིལ་བའི་ཀློང་༔
དམ་རྫས་བདུད་རྩི་འདི་འབུལ་གྱིས༔
ལས་བཞིའི་ཕྲིན་ལས་ཀུན་འགྲུབ་མཛོད༔
ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཤཱནྟི་པཱུ་ཥྠིཾ་བ་ཤཾ་མཱ་ར་ཡ་ཀུ་རུ་ཀུ་རུ་སྭཱ་ཧཱ༔
འདོད་གསོལ་སྔར་བཞིན་བྱ༔ རྫས་རྣམས་ཀྱང་རྩ་སྔགས་འབྲུ་བཅུ་བཞི་པ་ལ་ཤམ་སོ་སོ་སྦྱར་ཏེ་མང་དུ་འབུལ་ལོ༔
ལྷ་ཚོགས་རྣམས་ལས་འོད་ཟེར་སྣ་ཚོགས་འཕྲོས་པས་ལས་བཞི་མྱུར་དུ་འགྲུབ་པར་བསམ༔
སླར་ཡང་མཆོད་བསྟོད་བཤགས་གསུམ་བྱ༔
ལྷ་ཐམས་ཅད་རང་ལ་ཐིམ༔
གཞལ་ཡས་ཁང་རང་གི་གནས་དང་ཡུལ་ལ་ཐིམ་པས་བྱིན་གྱིས་བརླབས་པར་བསམ༔
མེ་ལྷ་གསལ་ལ་སྲེག་རྫས་འབུལ༔
མཆོད་བསྟོད་བཤགས་གསུམ་བྱ༔
ཨོཾ་ཨཱགྣི་བཛྲ་མུ༔
མེ་ཡི་ལས་གྲུབ་ཅི་བདེར་གཤེགས༔
སླར་ཡང་དུས་སུ་འབྱོན་པར་ཞུ༔
ཅེས་གསོལ༔
མེ་རང་ཞིར་བཅུག༔ སོ་ཕག་ཐལ་བ་སོགས་འབབ་ཆུར་བླུག་གོ༔ འདི་ཡིས་ཕན་ཡོན་ཚད་མེད་པས་ཉམས་ལེན་ལ་འབད་པར་བྱའོ༔
ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གུ་རུའི་བཀའ་བཞིན་མཁར་ཆེན་བཟས་ཡི་གེར་བཀོད་པ་སྟེ་ཐེམ་ཡོད་གནད་ཀྱི་ཡི་གེ་ཡོངས་སུ་རྫོགས་པའོ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔
བཻ་རོ་དངོས་བྱོན་འཇམ་མགོ་ན་བླ་མ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱི་བཀའ་བཞིན། རྒྱལ་མོ་གཡུ་སྒྲ་སྙིང་པོའི་རྣམ་རོལ་མཁས་དང་གྲུབ་པའི་ཡོན་ཏན་ཚད་མེད་པས་མངོན་བར་མཐོ་བ་ཛ་ཀ་མཆོག་སྤྲུལ་རིན་པོ་ཆེ། ཤུད་བུ་དཔལ་གྱི་སེང་གེའི་རྣམ་རོལ་རྡོ་རྗེའི་ལུང་གིས་བསྔགས་པ་བླ་མ་དྲི་མེད། རླངས་ཆེན་དཔལ་གྱི་སེང་གེའི་རྣམ་རོལ་ཀ༔་ཐོག་གཏེར་ཆེན། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་རྣམ་རོལ་ཡིད་ལྷུང་གཏེར་ཆེན་སོགས་དང་རང་ཉིད་བཅས་ཤིང་མོ་ལུག་གི་ལོ་ཁྲུམས་སྟོད་ཟླ་བའི་ཡར་ཚེས་ལ་རྫོང་ཤོད་བདེ་གཤེགས་འདུས་པའི་གནས་སུ་ལྷན་གཅིག་ཏུ་འདུས་ཏེ་ཚེས་བརྒྱད་ནས་བཅོ་ལྔའི་བར་ལ་ཟབ་གཏེར་འདི་ཉིད་འདོན་པའི་རྟེན་འབྲེལ་གྱི་སྒོ་མང་དུ་བགྱིས་སྐབས། གཏེར་ཤོག་རྣམས་གཏེར་སྲུང་གིས་རྗེ་འཇམ་མགོན་བླ་མའི་མདུན་དངོས་སུ་ཕུལ་བ། བདག་ལས་རབ་གླིང་པ་ལ་སླར་གནང་ནས་འཕྲལ་དུ་འབེབས་པའི་རྟེན་འབྲེལ་གྱི་སྒོ་ཡངས་པོ་མཛད་ན་ཡང་རེ་ཞིག་བརྡ་ཁྲོལ་མིན་གྱི་རྣམ་པས་མཐའ་འདུས་པ་མ་བྱུང་བ་ལ་ཆོས་སྤྱན་ཡངས་ཤིང་རྒྱུ་མཚན་ཤེས་པའི་སྐྱེས་མཆོག་དུ་མས་མགྲིན་གཅིག་ཏུ་ཡང་ཡང་བསྐུལ་བའི་རྟེན་འབྲེལ་དང་། དཔལ་ཨོ་རྒྱན་ཆེན་པོའི་བྱིན་རླབས་བསླུ་བ་མེད་པའི་བདེན་མཐུ་ལས། མེ་མོ་བྱ་ཡི་ལོ་སྨིན་དྲུག་ཟླ་བའི་ཡར་ཚེས་ལ་ཀོང་བུ་ཆུ་ལྷ་ཁང་དུ་བརྡ་ཁྲོལ་སྐབས་ལེ་ལོར་མ་སོང་བར་ཚེས་བཅུ་ནས་བཅུ་བཞིའི་སྔ་དྲོའི་བར་ལ་རྫོགས་པར་ཕབ་པའོ།། །།