The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer to Nyala Pema Dündul—Tibetan

English | 中文 | བོད་ཡིག

༄༅། །ཉག་བླ་པདྨ་བདུད་འདུལ་ལ་གསོལ་འདེབས།

ན་མོ་གུ་རུ།
རྒྱལ་བ་གོང་མ་གྲུབ་ཆེན་ཐམས་ཅད་ཀྱིས། །
མཛད་སྲོལ་བཞིན་དུ་དཀའ་བ་སྣ་ཚོགས་ཕྲད། །
སྦས་ཡུལ་ལྷང་བྲག་ནོར་བུའི་ཡང་རྩེ་ནས། །
ཕྱག་རྫོགས་དབུ་གསུམ་ཆོས་ཀྱི་ཆར་པ་ཕབས། །
རྣལ་འབྱོར་རྡོ་ཟན་ཞབས་ལ་གསོལ་བ་འདེབས། །
སྤྲོས་བྲལ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །
འཁོར་བར་ཞེན་པ་ལོག་པར་བྱིན་གྱིས་རློབས། །
བདག་འཛིན་མདུད་པ་གྲོལ་བར་བྱིན་གྱིས་རློབས། །
ཨ་འཐས་གཟུང་འཛིན་གྲོལ་བ་བྱིན་གྱིས་རློབས། །
ཆགས་སྡང་ཕུང་པོ་ཞིག་པར་བྱིན་གྱིས་རློབས། །
དུག་ལྔ་རང་སར་དག་པར་བྱིན་གྱིས་རློབས། །
སྐྱིད་སྡུག་རོ་སྙོམས་ནུས་པར་བྱིན་གྱིས་རློབས། །
འཆི་བ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །
འགྲོ་དྲུག་ཕ་མ་ཤེས་པར་བྱིན་གྱིས་རློབས། །
སེར་སྣའི་མདུད་པ་གྲོལ་བར་བྱིན་གྱིས་རློབས། །
ཟས་ནོར་སྒྱུ་མ་ཤེས་པར་བྱིན་གྱིས་རློབས། །
ཉམས་དགའ་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །
སྣང་བ་བླ་མ་འཆར་བར་བྱིན་གྱིས་རློབས། །
བྲག་ཕུག་བདེ་ཆེན་འཆར་བར་བྱིན་གྱིས་རློབས། །
མ་བཅོས་བདུན་དང་ལྡན་པར་བྱིན་གྱིས་རློབས། །
ལྟ་བ་ཐང་ལྷོད་མེད་པར་བྱིན་གྱིས་རློབས། །
སྒོམ་པ་འཁོར་ཡུག་འཆར་བར་བྱིན་གྱིས་རློབས། །
སྤྱོད་པ་བླང་དོར་བྲལ་བར་བྱིན་གྱིས་རློབས། །
འབྲས་བུ་རེ་དོགས་གཉིས་མེད་བྱིན་གྱིས་རློབས། །
གདིང་བཞི་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །
ཞེས་གསོལ་འདེབས་འདི་རང་གིས་རང་ལ་སྨྲས་པ་མི་རིགས་ཀྱང་། འོན་ཀྱང་སྐལ་པ་དང་ལྡན་པའི་སྐྱེས་བུ་དམ་པས་མང་པོའི་ཡང་ཡང་བསྐུལ་བའི་ངོར་མ་མཐོང་རྒྱང་གྲགས་སྙན་པོའི་བླུན་རྨོངས་པདྨ་བདུད་འདུལ་གྱིས་སྦྱར་བའོ། །

ཉག་བླ་པདྨ་བདུད་འདུལ།

ཉག་བླ་པདྨ་བདུད་འདུལ།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept