The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Short Mahādeva and Consort Prayer—Tibetan

English | བོད་ཡིག

༄༅། །ལྷ་ཆེན་ཡབ་ཡུམ་ལ་ཕྲིན་ལས་བཅོལ་བ་བསྡུས་པ། །

 

ཧྲཱིཿ ལྷ་ཆེན་པདྨ་གར་གྱི་དབང་ཕྱུག་རྩལ། །

ཡུམ་མཆོག་ཨུ་མ་ཀུ་རུ་ཀུལླེ་མ། །

གསང་བའི་མ་བཞི་ལས་བྱེད་སྤྲུལ་འཁོར་གཅས། །

གསོལ་ལོ་མཆོད་དོ་བསམ་དོན་ཀུན་འགྲུབ་མཛོད། །

 

ཁྱད་པར་རྒྱལ་བློན་རྗེ་འབང་སྡེ་སྲིད་སོགས། །

མོས་བཞིའི་ཚུལ་གྱི་དབང་དུ་བསྡུས་ནས་ཀྱང་། །

རྒྱལ་བསྟན་སྤྱི་དང་འོད་གསལ་རྡོ་རྗེ་ཐེག །

མཆོག་གཏེར་ཕྲིན་ལས་དར་ཞིང་རྒྱས་པར་མཛོད། །

 

ཅེས་པའང་གནད་དོན་དགོས་པ་ཁྱད་པར་ཅན་ལ་དམིགས་ནས་མཆོག་གླིང་སྐྱེ་སྲིད་པདྨ་འགྱུར་མེད་བདེ་ཆེན་ཆགས་པའི་རྡོ་རྗེས་ཕྲིན་བཅོལ་དུ་སྦྱར་བའོ། །

 

ཧྲཱིཿ སོར་རྟོག་ཡེ་ཤེས་བདེ་བའི་གར་རོལ་བ། །

འཇིག་རྟེན་དབང་ཕྱུག་ལྷ་ཆེན་ཡབ་ཡུམ་ལ། །

གསོལ་ལོ་མཆོད་དོ་བསམ་དོན་ལྷུན་འགྲུབ་ཅིང་། །

རང་སྣང་རིག་པའི་དབྱིངས་སུ་འདུ་བར་མཛོད། །

 

པདྨ་འགྱུར་མེད་པས་སོ།། །།

 

གནས་བརྟན་མཆོག་གླིང་པདྨ་འགྱུར་མེད།

Mahādeva and Consort

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept