Mārīcī Sādhana—Tibetan
༄༅། །འོད་ཟེར་ཅན་མའི་སྒྲུབ་ཐབས་བཞུགས།
སྟོང་པའི་ངང་ལས་པདྨ་ཟླ་བའི་སྟེང་། །
མཱཾ་ལས་མྱ་ངན་མེད་པའི་འོད་ཟེར་ཅན། །
གསེར་མདོག་ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་དང་། །
གཡོན་པས་མྱ་ངན་མེད་པའི་ལྗོན་ཤིང་བསྣམས། །
དར་དང་རིན་ཆེན་རྒྱན་ཆས་ཡོངས་སུ་རྫོགས། །
ཞབས་གཉིས་ཕྱེད་སྐྱིལ་པད་ཟླའི་གདན་ལ་བཞུགས། །
ཐུགས་ཀར་ཟླ་སྟེང་མཱཾ་ལ་སྔགས་ཀྱིས་བསྐོར། །
འོད་འཕྲོས་ཞི་དང་སྲུང་སོགས་ལས་ཀུན་འགྲུབ། །
ཨོཾ་མཱ་རི་ཙྱཻ་སྭཱ་ཧཱ།
གཞན་གྱིས་མི་ཐུབ་ཞི་དང་སྲུང་བ་དང་། །
ཕ་རོལ་ཕྱོགས་ལས་རྒྱལ་བའི་མཐུ་གྲུབ་འགྱུར།
མི་ཕམ་པས་སོ།།