Brief Offering to Durtrö Lhamo—Tibetan
༄༅། །དུར་ཁྲོད་ལྷ་མོའི་གསོལ་བསྡུས།
ཧྲཱིཿ གནས་ཡུལ་དུར་ཁྲོད་ཀུན་གྱི་བདག་མོ་ནི། །
ཞིང་སྐྱོང་མཁའ་འགྲོའི་དབང་ཕྱུག་ངན་ནེ་མ། །
རྫུ་འཕྲུལ་མཐུ་ལྡན་འཁོར་དང་བཅས་པ་རྣམས། །
གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །
མི་ཕམ་པས་སོ།།