Brief Offering Prayer to Tsiu Marpo—Tibetan
༄༅། །ཙིའུ་དམར་པོའི་གསོལ་བསྡུས།
ཧྲཱིཿ པདྨ་དབང་གི་བཀའ་ཉན་མཐུ་བོ་ཆེ། །
ཆེ་བཙན་དྲེགས་པའི་རྒྱལ་པོ་ཡང་ལེ་བེར། །
ཙིའུ་དམར་པོ་བཀའ་འཁོར་སྤྲུལ་པ་བཅས། །
གསོལ་མཆོད་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད། །
ཅེས་མི་ཕམ་པས་སོ། །