Brief Dzogchen Lineage Prayer—Tibetan
༄༅། །རྫོགས་ཆེན་བླ་བརྒྱུད་གསོལ་འདེབས་མདོར་བསྡུས་པ།
ཀུན་བཟང་དགའ་རབ་ཤྲི་སེང་པདྨ་འབྱུང་། །
ཀློང་ཆེན་རབ་འབྱམས་རྩ་བའི་བླ་མ་སོགས། །
དགོངས་བརྡ་སྙན་བརྒྱུད་བླ་མར་གསོལ་བ་འདེབས། །
རྫོགས་ཆེན་དགོངས་པ་རྟོགས་པར་བྱིན་གྱིས་རློབས། །
མོས་ལྡན་འོད་གསལ་ངོར་མི་ཕམ་འོད་གསལ་རྡོ་རྗེས་བྲིས་པ་དགེ།།