The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Jikten Wangchuk Prayer—Tibetan

English | བོད་ཡིག

༄༅། །གསོལ་འདེབས་འཇིག་རྟེན་དབང་ཕྱུག

 

འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་རླབས་འཕྲེང་དབུས། །

རྒྱལ་ཀུན་མཁྱེན་བརྩེའི་འདབ་སྟོང་རྒྱས་པ་ལ། །

ཕན་བདེའི་དྲི་བསུང་ཅི་ཡང་སྤྲོ་བའི་གཉེན། །

ངག་དབང་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །

 

མཁྱེན་པས་མ་རིག་མུན་པའི་ཚོགས་འཇོམས་ཤིང༌། །

བརྩེས་བས་གཞན་དོན་ཡལ་བར་མི་འདོར་བར། །

ནུས་པས་བདུད་དཔུང་འཇོམས་བྱེད་ལྷ་ཡི་ལྷ། །

ངག་དབང་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །

 

ཁམས་གསུམ་སེམས་ཅན་འཁོར་བ་ལས་སྒྲོལ་ཕྱིར། །

འཆི་མེད་རྡོ་རྗེའི་སྐུ་མཆོག་རབ་བརྙེས་ནས། །

འཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་པའི། །

ཇི་སྲིད་འཚོ་ཞིང་གཞེས་པར་གྱུར་ཅིག་གུ། །

 

མི་ཕམ་བསྟན་པའི་ཉི་མ།

ཞབས་དྲུང་ངག་དབང་རྣམ་རྒྱལ།

Further information:

BDRC Author Profiles: P2628 P509

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept