The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Path Integration Song—Tibetan

English | བོད་ཡིག

༄༅། །ཀློང་གསལ་སྙིང་པོས་རང་གི་རྟོགས་པའི་ལམ་ཁྱེར་གྱི་ཁྱད་ཆོས་རྣམ་པ་བཞིའི་དོན་གླུ་རུ་བླངས་པ།

རྗེ་བླ་མ་སྤྱི་བོའི་རྒྱན་བྱས་ནས། །
ཐུགས་རྗེ་ཡིད་ལ་ཞུགས་པའི་མཐུས། །
ཅིར་སྣང་དགེ་་སྦྱོར་སྒྲུབ་པའི་གྲོགས། །
རང་བཞིན་འཆར་བའི་གླུ་འདིའོ། །

ངས་ལུས་ཀྱི་གྲིབ་མ་དཀར་ནག་དེ། །
ལྷན་སྐྱེས་ལྷ་དང་མཉམ་འོང་བདུད། །
རྟག་ཏུ་ལམ་དུ་ཁྱེར་ཁྱེར་ནས། །
རྒྱུ་འབྲས་སྤངས་བླང་རང་ཤུགས་ཡིན། །

ངས་དེ་རིང་མཐོང་ཚུལ་ཐ་དག་ཀུན། །
རྟག་ཏུ་བརྟེན་ཚུལ་མ་ངེས་པའི། །
མི་རྟག་ལམ་དུ་ཁྱེར་ཁྱེར་ནས། །
ད་རྟག་པར་འཛིན་པའི་སྣང་བ་མེད། །

ངས་དོ་ནུབ་ཉི་མའི་གྲིབ་སོ་དེ། །
བཟློག་མེད་རབ་ཀྱི་འབྱུང་བ་བཞིན། །
འཆི་བདག་ལམ་དུ་ཁྱེར་ཁྱེར་ནས། །
ད་འཆི་བ་ཆོས་སྐུའི་གྲོགས་སུ་ཚུད། །

ངས་དོ་དགོང་རྣལ་བའི་རྣམ་པ་ཡི། །
སེམས་ཀྱི་བྱེད་ལས་དུ་མ་ལ། །
འདོར་ལེན་ལམ་དུ་ཁྱེར་ཁྱེར་ནས། །
ད་ཇི་ལྟར་འཆི་ཡང་འཇུག་པ་བདེ། །

ཞེས་པ་ཡང་ཟེར་རོ།།

ཀློང་གསལ་སྙིང་པོ།

ཀློང་གསལ་སྙིང་པོ།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept