The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer to Shechen Kongtrul—Tibetan

English | བོད་ཡིག

༄༅། །རྡོར་སེམས་དངོས་ཞེ་ཆེན་ཀོང་སྤྲུལ་གྱི་གསོལ་འདེབས།

 

མཚན་ཙམ་འཛིན་པས་ངན་སོང་འཇིགས་སྐྱོབ་པ། །

རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་སེམས་དཔའ་དངོས། །

པདྨ་དྲི་མེད་ལེགས་པའི་བློ་གྲོས་ལ། །

སྙིང་ནས་གསོལ་བ་འདེབས་སོ་དབང་བྱིན་སྩོལ། །

 

ཨོཾ་མ་ཧཱ་གུ་རུ་པདྨ་བི་མ་ལ་མ་ཏི་ཤྲཱི་བ་ཛྲ་ས་ཏྭ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥཱཉྩི་སརྦ་སིདྡྷི་ཕ་ལ་ཨཱཿཧཱུྃཿ

 

རྨོངས་དང་མ་རིག་འཁྲུལ་པའི་གཞན་དབང་གིས། །

སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་ཀུན། །

སྐྱེ་འགགས་གཉིས་མེད་སྟོང་པ་ཉིད་དུ་དག །

རིག་སྟོང་རྡོ་རྗེ་སེམས་དཔའི་ཞལ་མཐོང་ཤོག །

 

ཅེས་འདི་སྦས་ཡལ་ཡོལ་མོ་གངས་ར་ནས་ས་ཕག་ཟླ་བ་བདུན་པའི་ཡར་ཚེས་ ༡༡ ལ་དགེ་སྦྱོང་གཟུགས་འཛིན་བི་རྱ་པས་མོས་པས་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། བཀྲིས།།

 

མཁན་པོ་ཐུབ་བསྟན་བརྩོན་འགྲུས།

Shechen Kongtrul Pema Drimé Lekpé Lodrö

Further information:

BDRC Author Profiles: P748 P744

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept