The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Middle Way Aspiration—Tibetan

English | བོད་ཡིག

༄༅། །དབུ་མའི་སྨོན་ལམ་བསྡུས་པ་བཞུགས་སོ།

 

ནམ་ཞིག་དཔལ་གྱི་རི་ལ་ཀླུ་སྒྲུབ་རྗེས། །

སྐལ་ལྡན་འདུས་པའི་ཚོགས་ཀྱི་ཡོངས་བསྐོར་ནས། །

མཐའ་བྲལ་དབུ་མའི་ལམ་བཟང་འཆད་པ་ན། །

བདག་ཀྱང་འཁོར་གྱི་ཐོག་མར་སྐྱེ་བར་ཤོག །

 

དེ་ཚེ་ཤེས་བྱའི་ཆོས་ཉིད་ནམ་མཁའི་མཐའ། །

གཞལ་བར་རྣམ་དཔྱོད་མཚུངས་པར་མེད་པ་ཡིས། །

ཆོས་ལྟར་བཅོས་པ་ཐམས་ཅད་སུན་ཕྱུང་ནས། །

འཕགས་པའི་དགོངས་པ་འཁྲུལ་མེད་སྟོན་པར་ཤོག །

 

ཅེས་པའང་གཞན་ཕན་སྣང་བས་སོ།།

 

མཁན་པོ་གཞན་ཕན་སྣང་བ།

འཕགས་པ་ཀླུ་སྒྲུབ།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept