Prayer to Khenpo Munsel—Tibetan
༄༅། །ཚེ་རབས་རྗེས་འཛིན་གྱི་གསོལ་འདེབས།
ཨེ་མ་ཧོ།
བསླབ་གསུམ་རྣམ་དག་ཚུལ་ཁྲིམས་རྒྱ་མཚོའི་དབྱིག །
མང་ཐོས་སྣང་བས་རྨོངས་པའི་མུན་པ་སེལ། །
ཀུན་མཁྱེན་ཆེན་པོའི་བྱིན་རླབས་སྙིང་ལ་ཤར། །
ཀ་ལྷུན་གོམས་པས་ཉམས་མྱོང་མཐར་སོན་པའི། །
དཔལ་ལྡན་བླ་མ་དེ་ལ་གསོལ་བ་འདེབས། །
ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པ་དང་། །
སྐལ་ལྡན་སློབ་ཚོགས་སྣང་བཞི་མཐར་ཕྱིན་ནས། །
འབྲེལ་ཚད་པདྨོ་བཀོད་པའི་ཞིང་དུ་དྲོངས། །
ཅེས་སྐལ་ལྡན་སློབ་མ་རྣམས་ཀྱིས་རིན་ཆེན་གཉིས་པ་དང་བཀྲ་ཤིས་པའི་ལྷ་རེག་བཅས་བསྐུལ་ངོ་མི་ལྡོག་ཙམ་དུ་རང་ཉིད་ཀྱིས་སྨྲས་པའོ།།