Prayer to Khenchen Jigme Phuntsok—Tibetan
༄༅། །ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་གསོལ་འདེབས།
འཇིགས་མེད་རྩོད་འཆད་རྩོམ་པའི་གཏེར་ལ་དབང་། །
ཕུན་ཚོགས་བསླབ་པ་གསུམ་གྱི་ཡོན་ཏན་རྫོགས། །
དཔག་ཡས་ཕན་བདེའི་འབྱུང་གནས་རིན་པོ་ཆེ། །
འདྲེན་མཆོག་དཔལ་ལྡན་བླ་མར་གསོལ་བ་འདེབས། །
ཞེས་ཆོས་པད་ནས་བསྐུལ་ངོར་ཨ་བྷ་ཡ་རང་གིས་སྨྲས།།