Dalai Lama Long-Life Prayer—Tibetan
༄༅། །གོང་ས་སྐྱབས་མགོན་ཆེན་པོའི་ཞབས་བརྟན་གསོལ་འདེབས།
སྤྱན་རས་གཟིགས་དབང་ཐུགས་རྗེའི་སྒྱུ་འཕྲུལ་གར། །
གངས་ལྗོངས་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་མཆོག །
མཁྱེན་བརྩེ་ནུས་མངའ་བསྟན་འཛིན་རྒྱ་མཚོ་ཡི། །
སྐུ་ཚེ་མི་འགྱུར་ཡུན་དུ་འཚོ་གཞེས་གསོལ། །
བསླུ་མེད་དཀོན་མཆོག་གསུམ་གྱི་བདེན་མཐུ་ཡིས། །
གང་གི་འཕྲིན་ལས་ཕྱོགས་བཅུར་ཀུན་ཏུ་རྒྱས། །
བཞེད་དོན་མཐའ་དག་གེགས་མེད་མྱུར་དུ་འགྲུབ། །
ས་གསུམ་དབང་དུ་བྱེད་པའི་དཔལ་ཐོབ་ཤོག །
ཅེས་རབ་བྱུང་བཅུ་བདུན་པའི་ལྕགས་རྟ་ལོའི་ཟླ་བ ༥ ཚེས༢༥ ལ་༧གོང་ས་སྐྱབས་མགོན་ཆེན་པོའི་གསེར་ཞལ་མངོན་མཇལ་འོང་སྐབས་ཨ་བྷྱ་ལཀྵཾ་ཀ་རས་སྨྲས་པ་དེ་དེ་བཞིན་དུ་གྲུབ་པར་གྱུར་ཅིག། །།