Aspiration for Future Lives—Tibetan
༄༅། །སྨོན་ལམ་བཞུགས།
བདག་ནི་འདི་ནས་ཚེ་རབས་ཐམས་ཅད་དུ། །
བླ་མ་ལྷག་པའི་ལྷ་ཡིས་རྗེས་སུ་བཟུང་། །
བསླབ་གསུམ་ཡོན་ཏན་རྒྱ་མཚོའི་གཏེར་ལ་དབང་། །
བསྟན་འགྲོའི་དོན་ཆེན་འབད་མེད་འགྲུབ་པར་ཤོག །
ཅེས་རབ་རྒྱལ་མེ་སྟག་ཟླ་དྲུག་པའི་ཚེས་བཞི་ལ་དགེ་འདུན་པ་སྟོང་ཕྲག་གཅིག་གི་སྤྱན་སྔར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྐབས་སུ། ༧ངག་དབང་བློ་གྲོས་མཚུངས་མེད་པས་སྨྲས་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག། །།