The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

The Story of Bhikṣuṇī Yen Tra—Tibetan

English | བོད་ཡིག

༄༅། །ཡན་ཀྲ་དགེ་སློང་མ།

ཧྲན་ཤས་ཀྱི་ལྷ་རིན་སྤྱན་རས་གཟིགས་ཀྱི་གནས་རི་ཡོད་པ་ན་དགོན་པ་ཆུང་ཆུང་ཞིག་ཡོད། དེ་ནི་དགེ་སློང་མ་ཡན་ཀྲའི་སྒྲུབ་པ་ཉམས་ལེན་བྱེད་ས་ཡིན། མོ་ཆུང་དུས་མདོ་ཕར་ཕྱིན་ཐེག་པ་ལ་སྦྱང་བ་བྱས། མདོ་རྒྱ་ཆེར་རོལ་བ་ཚར་མང་པོ་གཞན་ལ་གསུངས། དེ་རྗེས་སྤྲུལ་སྐུ་ཀུན་དགའ་བླ་མར་བསྟེན་ནས་བོད་བརྒྱུད་གསང་སྔགས་སྒོར་ཞུགས། ༡༩༩༢ ལོར་ཁོང་དགུང་ལོ་བརྒྱར་ཕེབས་སྐབས་སྙུང་གཞི་དྲག་པོ་ཞིག་ཕོག་ཚེ། ཁོང་གིས་སློབ་ཚོགས་ཚོ་ལ་ཁོང་སྐྱེ་བ་མ་ལ་ཡང་སྤྱན་རས་གཟིགས་ཀྱི་གནས་རི་འདི་ལ་སྐྱེ་རྒྱུ་ཡིན། ཆོས་འཆད་པ་ལ་ཕོ་ཞིག་གི་སྐྱེ་བ་ལེན་རྒྱུ་ཡིན། ཕ་དང་མའི་མིང་གསལ་པོ་གསུངས་ནས་སྐུ་གཤེགས། ཁོང་ཞིང་ལ་ཕེབས་སྐབས་བོད་བརྒྱུད་གསང་སྔགས་ཀྱི་འཕོ་བ་ལ་བརྟེན་ནས་གཤེགས། སྐུ་གདུང་བཞུ་སྐབས་ནམ་མཁའ་ནས་སངས་རྒྱས་ཀྱི་སྐུ་གཟུགས་འདྲ་བ་མང་དུ་སྣང་། ཉི་མ་དེའི་ཕྱི་ཉིན་གདུང་རུས་རྣམས་ཉར་ཚགས་བྱེད་སྐབས་ནམ་མཁའ་སྔོ་ཞིང་དྭངས་བ། སྤྲིན་མེད་པའི་ངོ་ལ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ། འབྲུག་སྔོན་ཆིབས་པ། ཕྱག་གཡས་ན་བདུད་རྩིའི་བུམ་པ་འཛིན་པ། གཡོན་པ་ན་ལྕུག་ཕྲན་ཐོགས་པ། སྐུ་ཤིན་ཏུ་ཆེ་བ་ཞིག་ཀུན་གྱིས་མཐོང༌། སྐུ་ལ་རིང་བསྲེལ་ལྗང་གུ་མང་པོ་བབས་འདུག ཐུགས་གཞོམ་གཞིག་བྲལ་བའི་ངང་དུ་ལུས་འདུག །གདུང་རུས་རྣམས་ལ་འོད་དང་འོད་ཟེར་ཆམ་ཆམ་ཡོད་པ་ཀུན་གྱིས་མཐོང་ནས་མཚར་ནས་ཀུན་གྱིས་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་བླ་ལྷག་སྐྱེས་པར་གྱུར་ཏོ།། །།མཁན་མོ་ཟླ་བ་སྒྲོལ་མས་རྒྱ་ནག་གི་ཡི་གེ་ལས་བོད་ཡིག་ཏུ་བསྒྱུར།

མཁན་མོ་ཟླ་བ་སྒྲོལ་མ།

Larung Ārya Tāre Book Association

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept