The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Advice for Satsa Drupgen—Tibetan

English | བོད་ཡིག

༄༅། །སཱཙྪ་སྒྲུབ་རྒན་ལ་གདམས་པ་ནི།

༄༅། །ན་མོ་གུ་རུ།

མི་ལུས་ཐོབ་པར་དཀའ་བས། །
འཆི་ཁ་སྡུག་སྐད་མ་འདོན། །
ནམ་འཆི་ངེས་པ་མེས་པས། །
འགྱོད་མེད་དགེ་ལ་འབུངས་ཤིག །
ཕྱི་མ་མི་ལུས་ཐོབ་ཕྱིར། །
ཉ་སྡོམ་བསྙེན་གནས་སྲུངས་ཤིག །
བོད་ཀྱི་ལྷ་སྐལ་ཡིན་པས། །
ཡིག་དྲུག་རྒྱུན་དུ་ཐོན་ཅིག །
སྒོམ་གྱི་རྩ་བ་ཡིན་པས། །
སེམས་ཀྱི་སེམས་ལ་ལྟོས་ཤིག །
མཐོང་རྒྱུ་ཅི་ཡང་མེད་ན། །
དེ་ཡི་ངང་ལ་ཞོག་ཅིག །
མི་དྲན་དགུ་དྲན་འཚུབས་ན། །
དྲན་པའི་ངོ་བོར་ལྟོས་ཤིག །
བལྟས་པས་དྲན་པ་ཡལ་ན། །
དེ་ཡི་ངང་ལ་ཞོག་ཅིག །
བཞག་པས་མི་འདུག་རྒྱུག་ན། །
གར་འགྲོ་ཐོངས་ལ་ལྟོས་ཤིག །
བཏང་ཚེ་ཚུལ་ལ་འཁོར་ན། །
དེ་ཡི་ངང་ལ་ཞོག་ཅིག །
ལྟ་ཡུན་རིང་ན་ནོག་པས། །
ཡུན་ཐུང་གྲངས་མང་ལྟོས་ཤིག །
ནམ་ཞིག་འཆི་བ་བྱུང་ན། །
ཕྱི་དབུགས་ཆད་པའི་མཚམས་ནས། །
གསལ་སྟོང་ཚུལ་ལ་འཆར་ནས། །
དེ་དུས་ངོས་བཟུང་གྱིས་ཤིག །
དུས་དང་རྣམ་པ་ཀུན་ཏུ། །
སྐྱེ་སླ་ཕན་ཡོན་ཆེ་བས། །
བདེ་བ་ཅན་དུ་སྐྱེ་བའི། །
སྨོན་ལམ་རྒྱུན་དུ་ཐབ་ཅིག །
ཅེས་སཱཙྪ་སྒྲུབ་རྒན་ལ་མཁན་བཀྲ་ཤིས་འོད་ཟེར་ནས་བྲིས་པའོ༎ ༎སརྦ་མངྒ་ལཾ།།

མཁན་ཆེན་བཀྲ་ཤིས་འོད་ཟེར།

མཁན་ཆེན་བཀྲ་ཤིས་འོད་ཟེར།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept