Counsel to Tsamdowa Parong Lhawang—Tibetan
༄༅། །ཙམ་མདོ་བ་པ་རོང་ལྷ་དབང་ལ་གདམས་པ། །
ཀྱེ་མ་བུ་ངན་མགོ་བོ་ཆེ། །
འདི་སྣང་ཞེན་པའི་གདོས་ཐག་འདིས། །
ཐོག་མེད་དུས་ནས་འཚེ་འཚེ་ནས། །
སྣང་བ་ཡུལ་ཕྱིར་མ་འབྲང་བར། །
བློ་སྣ་ནང་དུ་ཁུག་ཅིག་ཨཾ། །
རྟག་འཛིན་ཕྱི་ཚེས་གྲབ་ཤོམས་འདིས། །
ཆོས་ཀྱི་བར་ཆད་འདི་ཆེ་བས། །
མི་རྟག་འཆི་བའི་བློ་སྣ་བསྟུངས། །
རྒྱག་ཕྱེ་ཆོས་ལ་ཚུད་ཅིག་ཨཾ། །
བདག་འཛིན་གདུག་པའི་འགོང་བོ་འདིས། །
རང་གཞན་ཕུང་ལ་སྦྱོར་སྦྱོར་ནས། །
ད་ནི་འདི་ལ་སྐྱོན་བལྟས་ཏེ། །
ཡུལ་ཕུད་རྗེས་འདོན་བྱེད་པ་ཡིས། །
བྱང་སེམས་རྒྱུད་ལ་བརྟེན་ཅིག་ཨཾ། །
ཧ་ཅང་བཟང་པོ་མ་སྔ་བར། །
དྲན་ཤེས་བག་ཡོད་སྐྱ་བར་ནས། །
སྡེ་དཀྲུགས་ས་བརྫད་མ་བྱེད་པར། །
འབུངས་གསུམ་ཆོས་ལ་ཐོན་ཅིག་ཨཾ། །
ཞལ་གདམས་ཨཾ་ཡིག་བཞི་པ་འདི། །
བླ་མ་ངག་དབང་དཔལ་བཟང་གིས། །
སློབ་མ་མིའུ་༼ཙམ་མདོ་བ་པ་རོང་ལྷ་དབང་མཆན་༽ཐུང་ལ་བསྐུར། །
འདི་ཕྱིར་དགེ་བའི་བཀྲ་ཤིས་ཤོག །