Confession to Earth Lords—Tibetan
༄༅། །ས་བདག་བཤགས་འབུམ་བསྡུས་པ་བཞུགས་སོ།།
ཀྱཻ། བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །
ལྷ་ཀླུ་གཉན་གསུམ་ཁྱེད་རྣམས་ལ། །
ཕ་མ་སྔ་རབས་འདས་པ་དང་། །
བུ་ཚ་ཕྱི་རབས་ཡན་ཆད་དུ། །
ས་གཉན་རྐོས་དང་རྡོ་གཉན་སློང་། །
ཆུ་གཉན་དཀྲུགས་དང་ཤིང་གཉན་བཅད། །
དུར་བཏབ་གཤིན་ལས་གང་བྱས་སོགས། །
མ་རིག་དབང་གིས་ཅི་བགྱིས་པ། །
མཐོལ་ལོ་བཤགས་སོ་དག་གྱུར་ཅིག །
ཅེས་པའང་མཁས་གྲུབ་རཱ་ག་ཨ་སྱས་བྲིས་པའོ།། །།