The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Palchen Düpa Lineage Prayer—Tibetan

English | བོད་ཡིག

༄༅། །དཔལ་ཆེན་བརྒྱུད་འདེབས་བཞུགས།

 

ཀུན་བཟང་ཡབ་ཡུམ་ཆེ་མཆོག་ཧེ་རུ་ཀ །

རྡོ་རྗེ་ཆོས་དང་མཁའ་འགྲོ་ལས་ཀྱི་དབང་། །

ཧཱུྃ་དཀར་བཤེས་གཉེན་ཀླུ་སྒྲུབ་སྙིང་པོ་ལ། །

གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །

 

པྲ་ཆེན་ཧསྟི་དྷ་ན་སཾ་སྐྲྀ་ཏ། །

དྲི་མེད་བཤེས་གཉེན་གུ་ཧྱ་ཙཱནྡྲ་ཆེ། །

ཞི་བའི་སྙིང་པོ་པདྨ་ཐོད་ཕྲེང་ལ། །

གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །

 

འཇམ་དཔལ་རྡོ་རྗེ་ཚངས་པའི་མེ་ཏོག་སོགས། །

གྲུབ་ཆེན་བརྒྱད་དང་དགོངས་བརྡ་སྙན་བརྒྱུད་ཀྱི། །

བཀའ་བབས་གསུམ་ལྡན་རྩ་བའི་བླ་མ་ལ། །

གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །

ཁ་སྐོང་ནི།

གང་དེས་རྗེས་བཟུང་དགོངས་གཏེར་ཆོས་ཀྱི་བདག   །

མུ་རུབ་བཙད་པོའི་ཟློས་གར་ནིརྨ་ཀཱ།   །

འཇིགས་མེད་ཕྲིན་ལས་འོད་ཟེར་དཔལ་འབར་ལ།   །

གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །

 

དེ་སྲས་ཐུ་བོ་ཆོས་ཀྱི་བློ་གྲོས་དང་།   །

བཻ་རོའི་རྣམ་འཕྲུལ་གཞན་ཕན་མཐའ་ཡས་འོད།   །

པདྨས་ལུང་བསྟན་བླ་མེད་རྡོ་རྗེ་རྩལ།   །

གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །

 

མཆོག་གྲུབ་རྒྱལ་པོའི་ཡང་སྲིད་བཅུ་གསུམ་པ།   །

ངོ་མཚར་བཀའ་བབས་བདུན་ལྡན་མདོ་སྔགས་གླིང་།   །

བརྒྱུད་སྲོལ་ཀུན་འདུས་རྩ་བའི་བླ་མ་ལ།   །

གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །

ཞེས་གྲུབ་རྗེའི་འཕྲོར་ཁ་སྐོང་རྡོ་གྲུབ་ཆེན་གསུམ་པས་སོ།

དཀྱིལ་འཁོར་རྣམ་བཞིར་དབང་བཞིས་རྒྱུད་སྨིན་ནས། །

སྒྲིབ་པ་བཞི་སྦྱངས་རིག་འཛིན་བཞིའི་ལམ་ལས། །

ཡེ་ཤེས་བླ་མའི་ས་མཆོག་ཀུན་བཟང་ཞལ། །

ཚེ་འདི་ཉིད་ལ་མཐོང་བར་བྱིན་གྱིས་རློབས། །

 

ཞེས་པའང་འཇིགས་མེད་གླིང་པས་སོ།། །།དགེའོ།།

 

འཇིགས་མེད་གླིང་པ།

དཔལ་ཆེན་འདུས་པ།

Further information:

BDRC Author Profiles: P314 P248

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept