Short Maṇḍala Offering—Tibetan
༄༅། །མཎྜལ་བསྡུས་པ་བཞུགས།
བདག་གཞན་དུས་གསུམ་ལོངས་སྤྱོད་དགེ་ཚོགས་དང༌། །
རབ་འབྱམས་སྐུ་གསུམ་ཞིང་གི་མཆོད་པའི་སྤྲིན། །
བློ་ཡིས་བླངས་ཏེ་དཔལ་ལྡན་བླ་མར་འབུལ། །
བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །
ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭཱ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ།