Prayer to Jamgön Kongtrul—Tibetan
༄༅། །འཇམ་མགོན་ཀོང་སྤྲུལ་གྱི་གསོལ་འདེབས།
ཤེས་བྱ་ཀུན་གཟིགས་ཡོན་ཏན་རྒྱ་མཚོའི་གཏེར། །
རྒྱལ་བས་ལུང་བསྟན་བློ་གྲོས་མཐའ་ཡས་ཏེ། །
རིགས་ཀུན་ཁྱབ་བདག་པདྨ་གར་གྱི་དབང་། །
འཛམ་གླིང་ཤིང་རྟ་ཆེན་པོར་གསོལ་བ་འདེབས། །
ཞེས་པའང་འཁོར་ལོའི་མགོན་པོ་གང་གི་བཀའ་འབངས་ཀྱི་ཐ་ཤལ་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།