The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Three Masters Swift Rebirth Prayer—Tibetan

English | བོད་ཡིག

༄༅། །འཇིག་རྟེན་གྱི་མགོན་པོ་འདྲེན་མཆོག་དམ་པ་གསུམ་གྱི་མཆོག་སྤྲུལ་མྱུར་འབྱོན་ཡིད་བཞིན་རེ་མོས་ཞེས་བྱ་བ་བཞུགས་སོ།    །

 

ཨོཾ་སྭསྟི།

མཁའ་ཁྱབ་ཆོས་སྐུའི་ཞིང་ན་རྟག་བཞུགས་ཀྱང་།    །

ཡེ་ཤེས་ལྔ་ལྡན་སྒྱུ་མའི་རང་གཟུགས་མཆོག  །

དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་རྣམས།    །

བདག་སོགས་འགྲོ་ལ་བརྩེ་བས་རྗེས་དགོངས་ནས།    །

 

ཨོ༵་རྒྱན༵་མཁན་པོའི་རིང་ལུགས་སྔ་འགྱུར་གྱི།    །

བཀའ་གཏེར་ཆོས༵་ཀྱི༵་རྒྱ༵་མཚོ༵་རབ་འབྱམས་རྣམས།    །

འཇིག༵ས་མེད༵་བཤད་སྒྲུབ་བསྟ༵ན་པའི༵་ཉི༵་མ༵་དང་།    །

ལྷན་དུ་འགྲོགས་པའི་རྫོགས་ལྡན་སྣང་བ་འཆར།    །

 

འགྱུར༵་མེད༵་བདེན་དོན་མངོན་མཛད་རྡོ་རྗེའི་སྐུ།    །

པདྨ༵་རྒྱས་པ་ལྟ་བུ་ཆགས་ཐོག་བྲལ།    །

མི་བརྗེད་གཟུངས་ཐོབ་བསྟན་པའི་འཁོར་ལོའི་ཚུལ།    །

ཕྱོགས་ལས་རྣམ༵་རྒྱལ༵་ཆེན་པོར་བཞུགས་སུ་གསོལ།    །

 

དེ་ལྟར་གསོལ་བཏབ་ཐུགས་རྗེའི་བདེན་སྟོབས་ཀྱིས།    །

སྤྲུལ་པའི་རྣམ་རོལ་མྱུར་དུ་འབྱོན་པ་དང་།    །

བསྟན་འགྲོའི་ལེགས་བྱས་དབྱར་གྱི་དུས་བཞིན་འཕེལ།    །

དོན་གཉིས་འབད་མེད་འགྲུབ་པའི་བཀྲ་ཤིས་ཤོག  །

 

ཅེས་པའང་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྙིང་ནས་གུས་པས་སྨོན་ཚིག་ཏུ་ཆོ་འཕྲུལ་ཟླ་བའི་དམར་ཕྱོགས་ཀྱི་བཟང་པོ་གསུམ་པའི་ཚེས་ལ་བྲིས་པ་རེ་བའི་འབྲས་བུ་ཡིད་བཞིན་དུ་སྩོལ་བའི་རྒྱུར་གྱུར་ཅིག  །མངྒ་ལཾ།  ཤུ་བྷཾ།།    །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ།

Further information:

BDRC Author Profiles: P733 P706 P248 P235

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept