The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Sukhāvatī Aspiration—Tibetan

English | བོད་ཡིག

༄༅། །བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ། །

 

ན་མོ་གུ་རུ་ཨ་མི་ཏ་བྷ་ཡེ།

 

བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །

སངས་རྒྱས་བྱང་སེམས་ཉན་རང་འཕགས་ཚོགས་ཀྱིས། །

ཐུགས་རྗེས་འཆི་ཁར་གནད་གཅོད་མི་འབྱུང་ཞིང་། །

བདེ་ཆེན་ཞིང་དུ་སྐྱེ་བར་བྱིན་གྱིས་རློབས། །

 

རྒྱལ་བ་འོད་མཚན་སྟོང་འབར་ཞབས་དྲུང་སྐྱེས། །

བྱང་ཆུབ་ལུང་བསྟན་དབུགས་དབྱུངས་ཐོབ་པ་དང་། །

རྒྱལ་བའི་ཆོས་མཛོད་ཟབ་མོར་དབང་འབྱོར་ནས། །

སྤྲུལ་པས་མཁའ་ཁྱབ་སེམས་ཅན་དོན་བྱེད་ཤོག །

 

ཁྱད་པར་བདག་ལ་འབྲེལ་བ་ཐོབ་པ་དང་། །

མིང་ཙམ་ཐོས་པའི་སེམས་ཅན་དེ་རྣམས་ཀྱང་། །

ལས་ཉོན་སྡིག་སྒྲིབ་སྡུག་བསྔལ་རབ་བྱང་ནས། །

བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །

 

ཅེས་པའང་ས་ཁྱི་མགོ་ཟླའི་ ༡༡ ཚེས་ ༢༢ ལ་ཆོས་ཀྱི་བློ་གྲོས་པས་སོ།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Amitābha, Buddha of Boundless Light

This website uses cookies to collect anonymous usage statistics and enhance the user experience.
Decline
Accept