The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Śākyamuni Inscription—Tibetan

English | བོད་ཡིག

༄༅། །ཞལ་ཐང་རྒྱབ་བྱང་།

ཨོཾ་སྭསྟི།
ཟླ་མེད་སྟོན་པ་རྣམ་འདྲེན་ཤཱཀྱའི་ཏོག །
རྩོད་ལྡན་ལྔ་བརྒྱའི་འགྲོ་བ་སྐྱོབས་པའི་གཉེན། །
སྤངས་རྟོགས་ཡོན་ཏན་མཐའ་ཀླས་ཐུབ་དབང་ཆེའི། །
སྣང་བརྙན་ལེགས་བྲིས་པིར་གྱིས་བྲིས་པ་འདིར། །
ཡེ་ཤེས་སེམས་དཔའ་མི་འབྲལ་རྟག་བཞུགས་ནས། །
བདག་སོགས་ཡིད་ཅན་སྡུག་བསྔལ་གྱིས་གཟིར་རྣམས། །
ཐུབ་དབང་ཉི་མའི་མགོན་གྱི་སྣང་བ་ཡིས། །
རྟག་ཏུ་སྲུངས་ནས་ལེགས་གསུངས་བཀའ་ཡི་ཆོས། །
བཤད་དང་སྒྲུབ་པས་ཡུན་དུ་འཚོ་བར་ཤོག། །།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Buddha Śākyamuni

This website uses cookies to collect anonymous usage statistics and enhance the user experience.
Decline
Accept