The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Praise to Sakya Paṇḍita—Tibetan

English | བོད་ཡིག

༄༅། །ས་སྐྱ་པཎྜི་ཏ་ལ་བསྟོད་པ་བཞུགས།

ཨོཾ་སྭསྟི།
སྒྲིབ་གཉིས་མ་ལུས་འཇོམས་པའི་དཔལ། །
དོན་གཉིས་ལྷུན་གྲུབ་འཇམ་པའི་དབྱངས། །
དཔལ་གྱི་འབྱུང་གནས་ཀུན་གྱི་དཔལ། །
འཇམ་དབྱངས་བླ་མར་ཕྱག་བགྱིའོ། །

ཀུན་དགའི་འོད་ཟེར་ལྟ་ན་སྡུག །
ཐུབ་བསྟན་རྒྱལ་མཚན་མངོན་པར་མཐོ། །
མཁྱེན་བརྩེའི་ཡེ་ཤེས་དཔལ་མངའ་བ། །
བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། །

འཇམ་དབྱངས་ཐུགས་རྗེའི་འོད་དཀར་གྱི། །
བདུད་རྩིའི་ཟིལ་མངར་འཇོ་བ་ལས། །
བློ་གྲོས་ཀུ་མུཏ་འདབས་བརྒྱ་བཞད། །
གེ་སར་ཟེའུ་འབྲུའི་དབུས་ན་རོལ། །

གསང་གསུམ་འོད་བརྒྱའི་སྣང་བ་ཆེས། །
གཏི་མུག་སྙིང་ལ་གབ་པ་སེལ། །
བདག་མེད་རྟོགས་པའི་མཚོན་རྣོན་པོས། །
བདག་ལྟའི་དྲྭ་བ་དྲལ་དུ་གསོལ། །

རྒྱལ་བའི་གསུང་རབ་རྒྱ་མཚོ་སྟེ། །
རྣམ་དཔྱོད་བརྩོན་པས་ཧུབ་ཀྱིས་དྲངས། །
ཡང་དག་ངེས་དོན་སྙིང་པོའི་དོན། །
མ་ནོར་ཇི་བཞིན་རྟོགས་གྱུར་ཅིག །

སྐྱེ་བའི་ཕྲེང་བ་ཐམས་ཅད་དུ། །
འཇམ་དབྱངས་བླ་མས་རྗེས་བཟུང་ནས། །
ཐུགས་རྗེའི་ཕྱག་གིས་མི་གཏོང་བར། །
སྲིད་ཞིའི་རྒུད་པ་ཀུན་སྐྱོབས་ཤོག །

ཅེས་པའང་གཞོན་ནུ་དྷརྨ་མ་ཏིས་དད་མོས་དྲག་པོས་གསོལ་བ་བཏབ་པ་སིདྡྷི་བྷ་ཝ་ཏུ། མངྒ་ལཾ། །

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན།

Further information:

BDRC Author Profiles: P733 P1056

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept