The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer to Pegyal Lingpa—Tibetan

English | བོད་ཡིག

༄༅། །གཏེར་སྟོན་པད་རྒྱལ་གླིང་པ་ལ་གསོལ་བ་འདེབས་པ།

 

ཨེ་མ་ཧོ།

རིག་སྟོང་འོད་གསལ་ཀ་དག་ཆོས་ཀྱི་སྐུ།    །

འཛིན་མེད་ཡེ་གྲོལ་རྒྱལ་བ་ལོངས་སྤྱོད་རྫོགས།    །

འགྱུར་མེད་རང་བྱུང་ལྷུན་གྲུབ་སྤྲུལ་པའི་སྐུ།    །

སྐུ་གསུམ་རྡོ་རྗེ་འཛིན་དེར་གསོལ་བ་འདེབས།    །

 

ཨོ་རྒྱན་པདྨའི་རྒྱལ་ཚབ་དཔའ་བོ་རྗེ།    །

འོག་མིན་མཁའ་སྤྱོད་ཟབ་གཏེར་དངོས་གྲུབ་བརྙེས།    །

གསང་གསུམ་འཁྲུལ་མེད་གླིང་པའི་བླ་མ་རྗེར།    །

གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ།    །

 

ཞེས་པའང་ཆོས་ཀྱི་བློ་གྲོས་པས་རྡོ་རྗེ་གླིང་ནས་ཕུལ་བ་དགེ་ལེགས་སུ་གྱུར་ཅིག  །  །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

པད་རྒྱལ་གླིང་པ།

Further information:

BDRC Author Profiles: P733 P7696

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept