Prayer to Gyurme Tsewang Gyatso—Tibetan
༄༅། །འགྱུར་མེད་ཚེ་དབང་རྒྱ་མཚོའི་གསོལ་འདེབས།
གདོད་ནས་འགྱུར༵་མེད༵་བདེ་ཆེན་རྡོ་རྗེའི་ཁམས། །
འཕོ་འགྱུར་བྲལ་བའི་ཚེ༵་དབ༵ང་རིག་པ་འཛིན། །
གཞན་དབང་དག་པ་ཡོངས་གྲུབ་རྒྱ༵་མཚོ༵འི་གླིང་། །
བཞུགས་མཛད་འཁོར་ལོའི་མགོན་པོར་གསོལ་བ་འདེབས། །
འཇམ་དབྱངས་བླ་མས་བྱིན་གྱིས་བརླབས་པ་ལས། །
ཟབ་རྒྱས་ཆོས་ཚུལ་ནོར་བུའི་མཛོད་འཆང་ཤིང་། །
འཕོ་མེད་ཐིག་ལེ་དབུ་མར་རབ་འཆིང་པ། །
ཚུལ་ཁྲིམས་མཚན་ལྡན་བླ་མར་གསོལ་བ་འདེབས། །
ལོ་ཙཱ་ཆེན་པོ་རྣམ་པར་སྣང་མཛད་ཀྱི། །
གསང་གསུམ་ཡེ་ཤེས་དྲྭ་བའི་སྒྱུ་འཕྲུལ་གར། །
སྙིགས་དུས་འགྲོ་བ་འདུལ་བའི་ཕྲིན་ལས་ཅན། །
འཆི་མེད་སྣང་མཛད་རྡོ་རྗེ་གསོལ་བ་འདེབས།། །།