The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer to Overcome Invading Forces—Tibetan

English | བོད་ཡིག

༄༅། །དཀོན་མཆོག་རྩ་གསུམ་རྒྱ་མཚོའི་བདེན་སྟོབས་བརྗོད་པ།

 

དཀོན་མཆོག་རྩ་གསུམ་རྒྱ་མཚོའི་བདེན་སྟོབས་དང་།  །

ཁྱད་པར་རིག་འཛིན་རྡོ་རྗེ་དྲག་རྩལ་གྱིས།  །

མཐུ་སྟོབས་ནུས་པ་བསྐལ་པའི་མེ་བཞིན་སྦོར།  །

མཐའ་དམག་དམར་པོའི་དཔུང་ཚོགས་ལྷག་མེད་བསྲེགས།  །

ཀླ་ཀློའི་འདུན་གྲོས་བྱེ་མ་ཆུ་བླུགས་བཞིན།  །

ནུས་མེད་རང་ཞི་གྱུར་ནས་རྒྱལ་བའི་བསྟན།  །

དེ་འཛིན་སྡེ་དང་བཅས་པ་གནོད་འཚེ་བྲལ།  །

བསམ་དོན་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས།  །

 

ཅེས་པའང་ཆུ་འབྲུག་ཆོ་འཕྲུལ་ཟླ་༡ཚེས་ལ།  སྤེལ་བ་དགེ།  །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Guru Padmākara in wrathful form

This website uses cookies to collect anonymous usage statistics and enhance the user experience.
Decline
Accept