Long-Life Prayer for Trinley Rinpoche—Tibetan
༄༅། །ཕྲིན་ལས་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས།
འཇམ་དབྱངས་བླ་མ་དགྱེས་པའི་ཐུགས་མངའ་བ། །
མཁས་ཀུན༵་དག༵འ་བའི་ཕྲིན༵་ལས༵་བཟང་པོ་ཡིས། །
བརྩེ་ཆེན་སྙིང་པོའི་བསྟན་པའི་རིང་ལུགས་ནི། །
ཉི་མ་བཞིན་དུ་གསལ་མཛད་ཞབས་བརྟན་གསོལ། །
ཅེས་པའང་འདྲེན་པ་གང་ལས་ཆོས་ཀྱི་བདུད་རྩི་ནོས་པ་ཆོས་ཀྱི་བློ་གྲོས་པས་སོ།། །།