Trulshik Pawo Dorje Long-Life Prayer—Tibetan
༄༅། །འཁྲུལ་ཞིག་བདེ་ཆེན་དཔའ་བོ་རྡོ་རྗེའི་ཞབས་བརྟན།
ན་མོ་གུ་རུ།
མཆོག་གསུམ་རྩ་གསུམ་རབ་འབྱམས་རྒྱ་མཚོ་ཡི། །
ཐུགས་རྗེ་བྱིན་རླབས་བདེན་པའི་མཐུ་སྟོབས་ཀྱིས། །
དཔལ་ལྡན་བླ་མའི་སྐུ་ཚེའི་བར་ཆད་སོལ། །
རྟག་བརྟན་འགྱུར་མེད་ཡུན་དུ་འཚོ་གཞེས་གསོལ། །
གཟུང་འཛིན་འཁྲུལ༵་པ་ཀ་དག་དབྱིངས་སུ་ཞིག༵ །
རང་གྲོལ་བདེ༵་ཆེན༵་དཔའ༵་བོ༵འི་དབང་ཕྱུག་ཆེ། །
ལྷ་མིན་བདུད་ཀྱི་སྡེ་ལས་རྣམ་རྒྱལ་ནས། །
ཞབས་པད་རྡོ༵་རྗེ༵འི་ཆོས་བདུན་བརྟན་བཞུགས་གསོལ། །
བསྟན་དང་འགྲོ་བའི་དཔུང་གཉེན་མཆོག་གྱུར་གང་། །
གསང་བ་གསུམ་གྱི་འགལ་རྐྱེན་ཉེར་ཞི་ནས། །
དཔལ་ཆེན་བཛྲ་ཀུ་མཱ་ར་ཉིད་དང་། །
དབྱེར་མེད་བརྟན་བཞུགས་བཀྲ་ཤིས་དགེ་ལེགས་ཤོག །
ཅེས་པའང་མེ་བྱ་ས་ཟླའི་ཚེས་བཅོ་ལྔ་ལ་བཀྲ་ཤིས་པའི་ལྷ་རེག་དང་། སྐུ་གསུང་ཐུགས་གཡོ་མེད་བཞུགས་མཚོན་རྡོར་དྲིལ། ད་ཁྲུས་རྒྱས་པའི་མདངས་ལྡན་བཅས་མཁྱེན་བརྩེའི་སྤྲུལ་མིང་པས་ཕུལ།། །།