Prayer to Khyentse Chökyi Lodrö—Tibetan
༄༅། །ཁང་སར་སྤྲུལ་སྐུ་ནས་བསྐུལ་ངོར་བྲིས་པའི་གསོལ་འདེབས།
འཇ༵མ་དབྱང༵ས་ལ་སོགས་སྲས་བཅས་རྒྱལ་ཀུན་གྱི། །
མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་གཟུགས། །
ཆོས༵་ཀྱི༵་བློ༵་གྲོས༵་ཆོས་ཀྱི་དབང་ཕྱུག་ལ། །
གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །
ཅེས་པའང་ཁང་སར་སྤྲུལ་སྐུ་སངས་རྒྱས་བསྟན་འཛིན་ནས་ཞུས་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ། །།