Prayer to Khyentse Chökyi Lodrö—Tibetan
༄༅། །དད་བརྩོན་ལྡན་པ་ངག་དབང་ཤེས་རབ་ཀྱི་ངོར་སྨྲས་པའི་གསོལ་འདེབས།
འཇམ་དཔལ་དབྱངས་དངོས་ཁྱབ་བདག་མཁྱེན་བརྩེའི་དབང་། །
བཀའ་དྲིན་མཚུངས་མེད་ཆོས་ཀྱི་བློ་གྲོས་ལ། །
སྙིང་ནས་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །
ལྷན་སྐྱེས་ཡེ་ཤེས་རྟོགས་པར་མཛད་དུ་གསོལ། །
ཅེས་པའང་སློབ་བུ་དད་བརྩོན་ལྡན་པ་ངག་དབང་ཤེས་རབ་ཀྱི་ངོར་ཆོས་ཀྱི་བློ་གྲོས་པས་སྨྲས་སོ།། །།