The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Praise of Jamyang Gyaltsen—Tibetan

English | བོད་ཡིག

༄༅། །དགེ་བའི་བཤེས་གཉེན་ཆེན་པོ་འཇམ་དབྱངས་རྒྱལ་མཚན་ལ་བསྟོད་པ་ཐོས་བསམ་རབ་རྒྱས་བཞུགས་སོ།།

 

ཨོཾ་སྭསྟི།

འཇ༵མ་དབྱང༵ས་བླ་མའི་བྱིན་རླབས་སྤྲིན་ཕུང་ལས། །

མདོ་སྔགས་ནོར་བུའི་གྲུ་ཆར་ལྷུག་པར་འཇོ། །

ཀུན་དགའི་བསྟན་པའི་རྒྱལ༵་མཚན༵་རྩེར་བཀོད་པ། །

དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །

 

གཞན་ཕན་བྱམས༵་པའི༵་དཔལ༵་དང་ལྡན༵་པའི་མཆོག །

ཤེས༵་རབ༵་གསུམ་གྱིས་ཆོས་ཚུལ་རྣམ་པར་འབྱེད། །

ཡང་དག་ལྟ་སྒོམ་སྤྱོད་པའི་ཁང་བཟང་དུ། །

རྟེན་བཅས་བཤེས་གཉེན་ཆེན་པོར་གསོལ་བ་འདེབས། །

 

བདག་སོགས་ཚུལ་ཁྲིམས་རྣམ་པར་དག་པ་དང་། །

ངེས་འབྱུང་བྱང་ཆུབ་སེམས་གཉིས་རྒྱུད་ལ་སྐྱེ། །

རིམ་གཉིས་ལམ་གྱི་བགྲོད་པར་མཐར་ཕྱིན་ནས། །

ཆོས་ཀྱི་རྒྱལ་པོའི་གོ་འཕང་ཐོབ་པར་ཤོག །

 

ཅེས་པའང་རྗེ་བླ་མ་ཉིད་ཀྱི་ཞལ་སློབ་རྣམས་ཀྱི་གསུང་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

འཇམ་དབྱངས་རྒྱལ་མཚན།

Further information:

BDRC Author Profiles: P733 P970

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept