The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Upon Receiving a New Inkwell—Tibetan

English | བོད་ཡིག

༄༅། །སྣག་བུམ་གསར་པའི་ཕུད་ཀྱིས་བྲིས་པ།

ཨོཾ་སྭསྟི།
བཀྲ་ཤིས་ཀུན་གྱི་འབྱུང་གནས་དམ་པའི་དཔལ། །
དཔལ་ལྡན་བཟང་པོའི་སྙན་གྲགས་སྒོ་གསུམ་ཁྱབ། །
ཁྱབ་བདག་མགོན་པོ་འཇམ་པའི་དབྱངས་ཞེས་གྲགས། །
གྲགས་པ་མཐའ་ཡས་རྒྱལ་བས་ཤིས་པ་སྩོལ། །

ཚེ་དཔལ་འབྱོར་པའི་ལྗོན་བཟང་རྒྱས། །
རྒྱས་མཛད་ཨཱཪྻ་ཏཱ་རེ་མ། །
མ་ལུས་འགྲོ་བའི་སྐྱབས་གནས་མཆོག །
མཆོག་ཏུ་བདག་ལ་འཆི་མེད་སྩོལ། །

སྣག་བུམ་གསར་པའི་ཕུད་ཀྱིས་ཟླ་ ༤ ཚེས་ ༢༩ ལ་བྲིས།། །།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept