Guru Yoga—Tibetan
༄༅། །བླ་མའི་རྣལ་འབྱོར།
ཨ། རང་མདུན་ནམ་མཁར་འཇའ་འོད་འཁྲིགས་པའི་ཀློང་། །
སེང་ཁྲི་པད་དཀར་ཟླ་བ་རྒྱས་པའི་སྟེང་། །
རྩ་བའི་བླ་མ་ཨོ་རྒྱན་རིན་པོ་ཆེ། །
སྣང་སྲིད་ཟིལ་གནོན་གསལ་བའི་ཐུགས་ཀ་རུ། །
འཇམ་དབྱངས་བླ་མ་དམར་སེར་རལ་གླེགས་བསྣམས། །
ཐུགས་ཀར་དྷཱིཿཡིག་འོད་ཟེར་འབར་བ་ལས། །
འོད་ཟེར་ཁ་དོག་སྣ་ལྔ་འཕྲོས་པ་ཡིས། །
རྨོངས་པའི་མུན་པ་ཐམས་ཅད་སེལ་བར་གྱུར། །
ཨོཾ་ཨཱཿབཛྲ་གུ་རུ་པདྨ་པྲཛྙཱ་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ།
ཞེས་བཟླ།
མཐར་ནི་བླ་མ་འོད་ཞུ་རང་ལ་ཐིམ་ཇི་ལྟ་ཇི་སྙེད་མཁྱེན་གཉིས་རྒྱས་པར་བསམ།
དགེ་བསྔོ་བྱའོ། །
ཅེས་པའང་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ལ་ལྷོ་བྲག་མཁར་ཆུ་ལྕགས་ཕུར་ཅན་དུ་བྲིས་པའོ།། །།