The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Katok Situ Chökyi Nyima Long-Life Prayer—Tibetan

English | བོད་ཡིག

༄༅། །ཀཿ་ཐོག་སི་ཏུ་ཆོས་ཀྱི་ཉི་མའི་ཞབས་བརྟན་གསོལ་འདེབས།

 

ཨོཾ་སྭསྟི།

དགེ་ལེགས་རྟ་བདུན་དབང་པོའི་གཟི་འོད་ཀྱིས།    །

ཕུན་ཚོགས་བཀྲ་ཤིས་སྣང་བ་མཆོག་སྩོལ་བ།    །

བླ་མ་དཀོན་མཆོག་རྩ་གསུམ་རྒྱ་མཚོ་ཡིས།    །

རྣམ་དག་སྨོན་པའི་གནས་འདི་མྱུར་འགྲུབ་མཛོད།    །

 

ཨོ༵་རྒྱན༵་བླ་མའི་བསྟན་པ་བཀའ་གཏེར་གྱི།    །

རིང་ལུགས་འཛིན་ལ་ཟླ་མེད་མཐུ་གྲུབ་པ།    །

བྱམ༵ས་ཆེན་རྒྱལ་བ་ལྔ་པ༵་འཕོས་པ་ཉིད།    །

སྐུ་ཚེ་མི༵་འགྱུར༵་བསྐལ་བརྒྱར་འཚོ་གཞེས་གསོལ།    །

 

ཐུབ༵་བསྟན༵་མདོ་སྔགས་བཤ༵ད་དང་སྒྲུབ༵་པ་ཡི།    །

ཆོས༵་ཀྱི༵་ཉི༵་མ༵་འཇིག་རྟེན་ཕྱོགས་བཅུར་གསལ།    །

མཁས་བཙུན་བཟང་པོའི་ཕྲིན་ལས་ཀུན་ཏུ་ཁྱབ།    །

ཡོན་ཏན་དཔག་ཡས་ངོ་བོར་འཚོ་གཞེས་གསོལ།    །

 

ཞབས་པད་རྡོ་རྗེའི་ཁྲི་ལ་རྟག་ཏུ་བརྟེན།    །

བར་ཆད་བདུད་ཀྱི་གཡུལ་ལས་རྣམ་པར་རྒྱལ།    །

དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོ་ཡི།    །

གོ་འཕང་དམ་པ་མངའ་དབང་འབྱོར་བར་ཤོག  །

 

དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས།    །

བསྟན་དང་བསྟན་འཛིན་དར་ཞིང་རྒྱས་པ་དང་།    །

ནག་ཕྱོགས་དུས་ཀྱི་རྒུད་པ་ཀུན་ཞི་ནས།    །

དགེ་ལེགས་བཀྲ་ཤིས་སྣང་བ་འཆར་གྱུར་ཅིག  །

 

ཅེས་པ་དང་ཏཱ་ཡི་སི་ཏུ་རྡོ་རྗེ་འཆང་ཨོ་རྒྱན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་རྣམ་རོལ་པད་དཀར་གསར་དུ་བཞད་པ་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེའི་ཞབས་བརྟན་མཚན་འབུལ་དང་འབྲེལ་བ་འདི་ཡང་།  མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོ་དཔལ་བཟང་པོ་ནས་ཕུལ་བས་དགེ་ལེགས་ཀྱི་སྣང་བས་ས་གསུམ་ཀུན་ཏུ་ཁྱབ་པ་བླ་མ་རྒྱལ་བ་སྲས་བཅས་ཀྱི་བྱིན་གྱིས་བརླབ་དུ་གསོལ།།    །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

ཀཿཐོག་སི་ཏུ་ཆོས་ཀྱི་ཉི་མ།

Further information:

BDRC Author Profiles: P733 P4783

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept