The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Katok Getse Swift Rebirth—Tibetan

English | བོད་ཡིག

༄༅། །དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ་གྱི་མྱུར་བྱོན་གསོལ་འདེབས།

 

ཨོཾ་སྭསྟི།

བླ་མ་རྩ་གསུམ་རྒྱལ་བ་རྒྱ་མཚོ་དང་།    །

ཁྱད་པར་སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོའི།    །

ཆོས་དབྱིངས་ཀློང་ནས་ཐུགས་རྗེས་ཤུགས་ཕྱུངས་ཏེ།    །

མ་འགགས་སྤྲུལ་པའི་ཟླ་སྣང་བསྟན་དུ་གསོལ།    །

 

སྔ་འགྱུར་བསྟན་པའི་ཉི་མ་ནུབ་རིར་གཞོལ།    །

བདག་སོགས་གདུལ་བྱའི་སློབ་ཚོགས་སྐྱབས་བྲལ་གྱུར།    །

མགོན་མེད་ཉམས་ཐག་འགྲོ་ལ་བརྩེར་དགོངས་ནས།    །

མཆོག་གི་སྤྲུལ་སྐུ་མྱུར་དུ་འབྱོན་པར་གསོལ།    །

 

བར་ཆད་བདུད་ཀྱི་དཔུང་གིས་མི་ཚུགས་ཤིང་།  །

བསླུ་མེད་སྤྲུལ་པའི་སྣང་བརྙན་ཁྱད་པར་ཅན།    །

སྔ་འགྱུར་བསྟན་པའི་མགོན་དུ་འབྱོན་ནས་ཀྱང་།    །

བསྟན་འགྲོའི་དོན་ཆེན་བསྒྲུབ་པར་མཛད་དུ་གསོལ།    །

 

ཅེས་པའང་སྐྱབས་རྗེ་དགེ་རྩེའི་མཆོག་སྤྲུལ་རིན་པོ་ཆེ་ཆོས་དབྱིངས་ཞི་བར་ཆེན་པོར་ཐུགས་གཞོལ་སྐབས་སུ་གང་གི་གསུང་གི་བདུད་རྩིར་སྤྱོད་པོ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་སྨོན་པ་དེ་བཞིན་འགྲུབ་པར་བྱིན་གྱིས་བརླབས་ཏུ་གསོལ།  མངྒ་ལཾ།  འཕྲལ་དུ་བྲིས་ཏེ་ཕུལ་བར་དགྱེས་བཞེས་ཞུ།།    །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ།

Further information:

BDRC Author Profiles: P733 P4782

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept