The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Praise of Kunga Yeshe—Tibetan

English | བོད་ཡིག

༄༅། །བདག་ཉིད་ཆེན་པོ་གཞུང་ལུགས་རབ་འབྱམས་པ་ཀུན་དགའ་ཡེ་ཤེས་ལ་བསྟོད་པ་བཞུགས་སོ།།

 

ཨོཾ་སྭ་སྟི།

རབ་འབྱམས་རྒྱལ་ཀུན༵་འདུས་པའི་ཞལ། །

མཐོང་ཐོས་དྲན་རེག་ཙམ་གྱིས་ཀྱང་། །

ཕན་བདེའི་དག༵འ་སྟོན་འགྱེད་མཛད་པ། །

ཡེ༵་ཤེ༵ས་ལུས་ཅན་དེ་ལ་འདུད། །

 

ཤེས་བྱ་མ་ལུས་སྟོན་པའི་གསུང་། །

ཀུ༵ན་དག༵འི་དཔལ་དུ་སྤྲོས་པའི་ཚེ། །

འཇམ་དཔལ་ཡེ༵་ཤེ༵ས་སེམས་དཔའ་ཡི། །

གསུང་གི་རྣམ་ཐར་རྫོགས་ལ་འདུད། །

 

ཆོས་རྣམས་ཀུན༵་གྱི་དེ་བཞིན་ཉིད། །

དག༵འ་བཞིའི་ལམ་གྱིས་གསལ་མཛད་པ། །

བདེ་སྟོང་ཟུང་འཇུག་མངོན་དུ་གྱུར། །

ཡེ༵་ཤེ༵ས་ལྔ་ལྡན་ཐུགས་ལ་འདུད། །

 

མཁས་ཀུན༵་དག༵འ་བར་བྱེད་པ་ཡི། །

ལུང་རྟོགས་ཡོན་ཏན་རྒྱ་མཚོའི་གཏེར། །

ཡེ༵་ནས་ལྷུན་གྱིས་གྲུབ་པས་ན། །

ཀུན་ཤེ༵ས་ཀུན་རིག་དེ་ལ་འདུད། །

 

འགྲོ་ཀུན༵་དགེ་ལེགས་རྒྱ་མཚོ་ཡི། །

དག༵འ་མཛད་འཕྲིན་ལས་བཟང་པོ་གང་། །

འཁོར་བ་ཇི་སྲིད་གནས་ཀྱི་བར། །

ཡེ༵་ཤེ༵ས་རོལ་པས་སྟོན་ལ་འདུད། །

 

ཅེས་ཤཱཀྱའི་དགེ་སློང་ངག་ལེགས་པས་བྲིས་པའོ།། ། །མངྒ་ལཾ།།

 

སྒ་སྟོན་ངག་དབང་ལེགས་པ།

སྒ་རབ་འབྱམས་པ་ཀུན་དགའ་ཡེ་ཤེས།

Further information:

BDRC Author Profiles: P812 P1028

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept