The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Aspiration for the Swift Return of Tsikey Chokling Rinpoche—Tibetan

English | བོད་ཡིག

༄༅། །རྩི་ཀེ་མཆོག་གླིང་མི་འགྱུར་བདེ་བའི་རྡོ་རྗེའི་མྱུར་བྱོན་སྨོན་ཚིག

 

འདྲེན་མཆོག་མཉམ་མེད་ཟས་གཙང་སྲས་པོ་དང་། །

གངས་ཅན་འགྲོ་མགོན་མཁན་སློབ་ཆོས་རྒྱལ་ཞབས། །

བགྲང་ཡས་སྐྱབས་ཀྱི་ཚོགས་རྣམས་མ་ལུས་པས། །

དེང་འདིར་སྨོན་པ་འགྲུབ་པའི་དགེ་ལེགས་སྩོལ། །

 

མི་འགྱུར་ལྷག་བསམ་སྨོན་ལམ་བཟང་པོའི་མཐུས། །

བསྟན་པ་རིན་ཆེན་ཕྱོགས་མཐར་སྤེལ་མཛད་ཅིང་། །

བཤད་སྒྲུབ་དམ་པའི་བརྟུལ་ཞུགས་ལྷུར་འཆང་བའི། །

བདེ་བའི་རྡོ་རྗེའི་ཡང་སྤྲུལ་སླར་བཞད་ཤོག །

 

ཅེས་པ་འདི་ནི་ཞིང་གཤེགས་རྩི་ཀེ་མཆོག་གླིང་མི་འགྱུར་བདེ་བའི་རྡོ་རྗེའི་མྱུར་བྱོན་སྨོན་ཚིག་ཅིག་དགོས་ཞེས་སྤྲུལ་སྐུ་ཆོས་ཀྱི་ཉི་མ་དང་། བདག་ཅག་གི་འདྲེན་མཆོག་དིལ་འགོ་མཁྱེན་བརྩེ་རྡོ་རྗེ་འཆང་གི་ཡང་སྤྲུལ་རིན་པོ་ཆེ། འཕགས་མཆོག་སྤྲུལ་སྐུ། ཡོངས་དགེ་མི་འགྱུར་སྤྲུལ་སྐུ། ཚོགས་གཉིས་སྤྲུལ་སྐུ། གཞན་ཡང་འབྲེལ་ཡོད་འདུས་སྤྱི་ནས་བསྐུལ་ངོར། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས། རབ་བྱུང་བཅུ་བདུན་པའི་ལྕགས་བྱི་ཟླ་༡༡ ཚེས་༢༥ ཕྱི་ལོ་༢༠༢༡ ཟླ་༡ ཚེས་༨ ཉིན་སྦྱར་བའོ།། །།

 

གོང་ས་སྐྱབས་མགོན་ཆེན་པོ་མཆོག

རྩི་ཁེ་མཆོག་གླིང་རིན་པོ་ཆེ།

Further information:

BDRC Author Profiles: P1649 P1AG101

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept