Prayer to Karmapa Khakhyab Dorje—Tibetan
༄༅། །ཀརྨ་པ་མཁའ་ཁྱབ་རྡོ་རྗེར་གསོལ་འདེབས།
དཔལ་ལྡན་བསྟན་པའི་ཉི་མ་མཁའ་ལྟར་ཁྱབ། །
མཆོག་གི་བློ་གྲོས་གཟི་བརྗིད་རབ་ཏུ་རྒྱས། །
བདེ་ཆེན་ཡེ་ཤེས་ལྷན་ཅིག་སྐྱེས་པའི་བདག །
མཁའ་ཁྱབ་རང་བྱུང་རྡོ་རྗེར་གསོལ་བ་འདེབས། །
ཞེས་པའང་རང་སློབ་སྨིན་གྲོལ་འབོགས་པའི་ལས་ཀྱི་སློབ་དཔོན་དུ་དབང་བསྐུར་བ། ཤར་གསེར་རོང་ལྷ་རྩེ་བ་ཐུབ་བསྟན་འཇམ་དཔལ་ཚུལ་ཁྲིམས་གྲགས་པའི་རེ་བ་སྐོང་སླད་རིག་འཛིན་གྱི་བཙུན་པ་མཁའ་ཁྱབ་རྡོ་རྗེས་མཚུར་མདོའི་པདྨ་རྫོང་དང་འདབས་འབྲེལ་བའི་སྒྲུབ་སྡེ་ཆེན་མོའི་ལྷུན་གྲུབ་ཕོ་བྲང་ནས་བྲིས་པའོ།།