Averting Negativity through Siṃhamukhā—Tibetan
༄༅། །སེང་གདོང་མའི་ཟློག་དམིགས།
དཔལ་ལྡན་རྡོ་རྗེ་ལྷ་མོ་ནི། །
དྲག་མོ་སེང་གེའི་གདོང་པ་ཅན། །
ཡེ་ཤེས་མེ་ཡི་འོད་ཟེར་འཕྲོ། །
སེང་གེའི་གདོང་ཅན་ལྷ་མོར་འདུད། །
ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ།
ཅུང་ཟད་བསྙེན་མཐར།
མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ཁྱོད་ཀྱི་རིག་སྔགས་བཟླས་པའི་མཐུ་དང་ནུས་པ་ལ་བརྟེན་ནས་རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམ་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། མདོར་ན་བཀྲ་མི་ཤིས་པའི་ཕྱོགས་རིས་ངན་པ་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག །
ཁྲོ་མོ་འབར་བའི་ཚོགས་རྣམས་ཀྱིས། །
དགྲ་བགེགས་བྱད་མ་ཐམས་ཅད་ཀྱི། །
ལུས་ངག་ཐལ་བའི་རྡུལ་དུ་རློགས། །
རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །
ཁྱོད་ཀྱི་རིག་སྔགས་བཟླས་པའི་མཐུས། །
གནོད་བྱེད་མ་ལུས་ཞི་བ་དང༌། །
ཅི་བསམ་ཡིད་བཞིན་འགྲུབ་པ་དང༌། །
བཤད་སྒྲུབ་བསྟན་པ་རྒྱས་པར་མཛོད། །
ཀརྨ་པ་མི་བསྐྱོད་རྡོ་རྗེས་སོ། །དགེ་ལེགས་འཕེལ།། །།